༄༅། །བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་འཚོག་ལ་ཉེ་བའི་རྒྱལ་སྤྱིའི་ནང་པའི་ཆེས་མཐོའི་ལྷན་ཚོགས་(Global Buddhist Summit) སུ་གདན་ཞུ་ཕུལ་བ་ལྟར་ཕྱི་ལོ་ ༢༠༢༣ ཟླ་བ་ ༤ ཚེས་ ༡༩ ཉིན་གྱི་སྔ་དྲོ་བཞུགས་སྒར་༸རྒྱལ་བའི་ཕོ་བྲང་ནས་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་ཆིབས་སྒྱུར་བསྐྱངས་ཡོད།
དེ་ཡང་རྒྱ་གར་དབུས་གཞུང་གི་རིག་གཞུང་ལྷན་ཚོགས་ཀྱི་མཐུན་འགྱུར་འོག་རྒྱལ་སྤྱིའི་ནང་པའི་ལྷན་ཚོགས་ཀྱིས་གོ་སྒྲིག་གནང་བའི་རྒྱལ་སྤྱིའི་ནང་པའི་ཆེས་མཐོའི་ལྷན་ཚོགས་དེ་བཞིན་ཕྱི་ལོ་ ༢༠༢༣ ཟླ་བ་ ༤ ཚེས་ ༢༠ ནས་ ༢༡ བར་ཉིན་གྲངས་གཉིས་རིང་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་འཚོག་གཏན་ཁེལ་ཡོད་ཅིང་། ཚོགས་འདུའི་ཐོག་རྒྱ་གར་གྱི་སྲིད་བློན་སྐུ་ཞབས་ན་རེནྡྲ་མོ་དི་ (Narendra Modi) མཆོག་དང་། སློབ་དཔོན་ཆེན་མོ་སྐུ་ཞབས་རོ་བྷཌ་ཐུར་མན་ (Professor Robert Thurman) མཆོག དེ་བཞིན་ནང་ཆོས་ཉམས་ལེན་པ་དང་ནང་པའི་མཁས་དབང་གྲགས་ཅན་ཁག་གཅིག་གིས་འཛམ་གླིང་ཞི་བདེ་དང་། ཁོར་ཡུག་ཡུན་གནས། འཕྲོད་བསྟེན། དཔལ་ནཱ་ལེནྡྲའི་གནའ་བོའི་རིག་གཞུང་མི་ཉམས་རྒྱུན་འཛིན། ནང་པའི་གནས་ཆེན་ཁག་གི་གལ་གནད་སོ