༄༅། །ཕྱི་ལོ་ ༢༠༢༣ ཟླ་བ་ ༠༤ ཚེས་ ༡༢ ཉིན་བོད་མིའི་སྒྲིག་འཛུགས་ཀྱི་ཤེས་རིག་ལས་ཁུངས་ནས་ཕྱི་ལོ་ ༢༠༢༤ ལོའི་ཨ་རི་བོད་མིའི་སློབ་ཡོན་ལས་གཞིའི་ཁོངས་སུ་ཚུད་པར་སྔོན་འགྲོའི་ཡིག་རྒྱུགས་བཏང་གནང་ཡོད།
དེ་ཡང་ཤེས་རིག་ལས་ཁུངས་ནས་སྔོན་འགྲོའི་ཡིག་རྒྱུགས་དེ་བཞིན་ལྡི་ལི་དང་བྷེང་ལོར་བཅས་སུ་དུས་ཚོད་དཀྱུས་གཅིག་ཏུ་ཡིག་རྒྱུགས་བཏང་གནང་ཡོད་པ་དང་། ཐེངས་འདིར་སློབ་ཡོན་གྱི་ཆེད་དུ་སྙན་ཞུ་འབུལ་མཁན་གྲངས་ ༧༥ བྱུང་ཡོད་པའི་ཁོངས་ནས་མི་གྲངས་ ༦༡ འོས་ཆོས་ཚང་ཡོད། སྙན་ཞུ་འབུལ་མི་གྲངས་ ༦༡ ནས་བུ་ ༣༣ དང་ ༢༨ བུ་མོ་ཡིན་ཞིང་། སྙན་ཞུ་འབུལ་མི་གྲངས་ ༤༧ གྱིས་བོད་ཡིག་དང་ཨིན་ཇིའི་ཊོ་ཕེལ་ཡིག་རྒྱུགས་ (TOEFL ITP) བཏང་ཡོད་པ་དང་། མི་གྲངས་ ༡༤ ཡིས་སྔོན་འགྲོའི་ཡིག་རྒྱུགས་ནས་ཕྱིར་འཐེན་གནང་ཡོད།
བོད་ཡིག་དང་ཨིན་ཇིའི་ཊོ་ཕེལ་ཡིག་རྒྱུགས་ (TOEFL ITP) ཀྱི་གྲུབ་འབྲས་གསལ་བསྒྲགས་ཟིན་རྗེས་མི་འགྲོ་ ༣༠ དྲག་འདེམས་ཀྱིས་ཟླ་བ་ ༠༥ ཚེས་ ༢༣ ནས་ ༢༤ བར་རྡ་རམ་ས་ལ་ནས་བཅར་འདྲི་གནང་རྒྱུ་དང་། དེ་ནས་མཐའ་མའི་འདེམས་སྒྲུག་གནང་བའི་ཁྲོད་ནས་མི་གྲངས་ ༦ ཕྱི་ལོ་ ༢༠༢༤ ལོའི་ནང་ཨ་རིར་སློབ་སྦྱོང་དུ་ཕེབས་རྒྱུ་ཡིན་པ་བཅས།།