༄༅། །བོད་མིའི་སྒྲིག་འཛུགས་ཀྱི་ལས་ཁུངས་ཁག་ཆེད་ལས་བྱ་ཁ་ལོ་བ་གཅིག་གསར་འདེམས་གནང་རྒྱུར་གཤམ་གསལ་ཆ་རྐྱེན་ལྡན་རིགས་ནས་ཕྱི་ལོ་ ༢༠༢༣ ཟླ་ ༥ ཚེས་ ༡༣ འགྱངས་མེད་དྲྭ་ཐོག་འཚང་སྙན་འབུལ་གནང་ཡོང་བ་ཞུ།
ཀ༽ ས་མིགཿ ལས་བྱའི་སྡེ་ཚན་ཁོངས་ལས་བྱ་ཁ་ལོ་པའི་ས་མིག་གཅིག ༼ ༠༡ ༽
ཁ༽ དགོས་ངེས་ཆ་རྐྱེན།
༡༽ ཤེས་མྱོང་། ཁ་ལོ་པའི་ལག་འཁྱེར་ཚད་ལྡན་ཐོག་ཉུང་མཐར་ལོ་གཉིས་སྣུམ་འཁོར་བཏང་པའི་ཉམས་མྱོང་ཡོད་པའི་ངོས་སྦྱོར་ཚད་ལྡན་དགོས།
༢༽ ལོ་ཚད། ཕྱི་ལོ་ ༢༠༢༣ ཟླ་ ༠༥ ཚེས་ ༡༣ ཉིན་རང་ལོ་ ༢༡ ལས་མི་ཉུང་ཞིང་ ༤༠ ལས་མ་བརྒལ་བ་དགོས།
༣༽ རྒྱུགས་གཞི། སྣུམ་འཁོར་གཏོང་རྒྱུའི་ལག་བསྟར་ཡིག་ཚད་དང་། ངག་རྒྱུགས་ལེན་རྒྱུ།
༤༽ རྒྱུགས་འཕྲོད་པར་སྣུམ་འཁོར་གཏོང་རྒྱུའི་ལག་བསྟར་ཡིག་ཚད་དེར་བརྒྱ་ཆ་ ༧༠% དང་། ལམ་ཡིག་ངོས་འཛིན་དང་ངག་རྒྱུགས་ལ་བརྒྱ་ཆ་ ༣༣% བཅས་ལོན་དགོས་པ་ཡིན།
༥༽ དང་བླངས་དཔྱ་དངུལ་ལག་དེབ་ཀྱི་ཤོག་གྲངས་དང་པོ་དང་། གཉིས་པ། འབུལ་འབབ་གཙང་ཕུལ་ཟིན་པའི་མཐའ་མའི་ངོ་བཤུས།
༦༽ ཁྲིམས་མཐུན་སྐྱེས་ཚེས་ལག་ཁྱེར་ (Birth Certificate) གྱི་ངོ་བཤུས།
༧༽ བོད་མིའི་སྒྲིག་འཛུགས་ཀྱི་འཕྲོད་བསྟེན་ལས་ཁུངས་ཁྱབ་ཁོངས་རྒྱ་བོད་སྨན་ཁང་ཡོད་ན་དང་། དེ་མིན་སྨན་ཁང་ཚད་ལྡན་གང་རུང་ནས་ནད་གཅོང་དང་འགོས་ནད་རིགས་མེད་པར་གཟུགས་བབ་ལས་འཕེར་ཡིན་པའི་སྨན་པའི་ངོས་སྦྱོར་ (Medical Certificate) ཁ་གསར་སྟེང་རང་ཉིད་ཀྱི་འདྲ་པར་མཉམ་སྦྱར་ཐོག་སྨན་པའི་ལས་དམ་དང་། ས་རྟགས་འཁོད་པ་ངོ་མ།
༨༽ འབྲེལ་ཡོད་ས་གནས་འགོ་འཛིན་ནས་བྱ་སྤྱོད་ཐལ་སྐྱོན་མེད་པའི་ངོས་སྦྱོར་ (character certificate) ངོ་མ།
༩༽ གལ་སྲིད་ད་ལྟ་སྤྱི་སྒེར་སྡེ་ཚན་གང་རུང་ནང་ལས་ཀ་བྱེད་མུས་ཡིན་ཚེ་སྡེ་ཚན་དེའི་འགན་འཛིན་ནས་དགག་ཆ་མེད་པའི་ངོས་སྦྱོར་ (No Objection Letter) ངོ་མ་བཅས་མཉམ་འབུལ་དགོས།
འཚང་སྙན་འབུལ་མཁན་རྣམས་ནས་གཤམ་གསལ་དྲྭ་མཐུད་ནང་ཡོད་འཚང་སྙན་འགེངས་ཤོག་ཞིབ་བཀང་གིས་ཕྱི་ལོ་ ༢༠༢༣ ཟླ་ ༠༥ ཚེས་ ༡༣ ནང་ཚུན་དྲྭ་ཐོག་འབུལ་ལམ་ཞུ་དགོས། དུས་བཀག་རྗེས་འཚང་སྙན་ཕུལ་འབྱོར་རིགས་རྩིས་མེད་ཡིན། དུས་ཐོག་འགེངས་ཤོག་འབྱོར་བ་ཆ་ཚང་ལ་ཞིབ་འཇུག་དང་འབྲེལ་འོས་ཆོས་ཚང་བ་ཚོར་དུས་ཐོག་འབོད་བརྡ་བྱ་རྒྱུར་སྐབས་བསྟུན་ཤེས་ཚད་ལག་འཁྱེར་སོགས་ཡིག་ཆ་ངོ་མ་ཁག་མཉམ་འཁྱེར་གྱིས་འབྱོར་ཐོ་འགོད་རྒྱུར་བཅར་དགོས་པ་བཅས་ཀྱི་གསལ་བསྒྲགས་སུ། ལས་བྱེད་འདེམས་བསྐོ་ལྷན་ཁང་ནས་ཕྱི་ལོ་ ༢༠༢༣ ཟླ་ ༠༤ ཚེས་ ༡༣ ལ།།
SECRETARY
PUBLIC SERVICE COMMISSION
CENTRAL TIBETAN ADMINISTRATION
GANGCHEN KYISHONG, DHARAMSALA-176215
DISTT: KANGRA (H.P)
EMAIL: [email protected]