༄༅། །ཕྱི་ལོ་ ༢༠༢༣ ཟླ་བ་ ༤ ཚེས་ ༢༥ ཉིན་རྒྱ་གར་བོད་དོན་རྒྱབ་སྐྱོར་ཚོགས་པ་ཁག་ནས་༸ཀུན་གཟིགས་པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་བསྟན་འཛིན་དགེ་འདུན་ཡེ་ཤེས་འཕྲིན་ལས་ (དགེ་འདུན་ཆོས་ཀྱི་ཉི་མ།) མཆོག་དགུང་ལོ་ ༣༤ ལ་ཕེབས་པའི་འཁྲུངས་སྐར་སྲུང་བརྩི་ཞུས་ཡོད།
དེ་ཡང་ལྡི་ལི་ས་གནས་བོད་ཀྱི་བུད་མེད་ཚོགས་པའི་གོ་སྒྲིག་འོག་ལྡི་ལི་བོད་སྒར་བསམ་ཡས་གླིང་དུ་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་བྷཱ་རཏ་ཏིབྦཏ་སམནྱ་སཾགྷ་ (Bharat Tibbat Samanvay Sangh) ཞེས་པའི་རྒྱ་གར་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་མི་རྣམས་ཀྱིས་ས་གནས་བོད་མི་དང་མཉམ་རུབ་ཀྱིས་༸ཀུན་གཟིགས་པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་བསྟན་འཛིན་དགེ་འདུན་ཡེ་ཤེས་འཕྲིན་ལས་མཆོག་དགུང་ལོ་ ༣༤ ལ་ཕེབས་པའི་འཁྲུངས་སྐར་སྲུང་བརྩི་ཞུས་ཏེ་༸ཀུན་གཟིགས་པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་བསྟན་འཛིན་དགེ་འདུན་ཡེ་ཤེས་འཕྲིན་ལས་མཆོག་འཕྲལ་དུ་གློད་བཀྲོལ་གཏོང་དགོས་པའི་འབོད་སྐུལ་དང་། བོད་མིའི་སྒྲིག་འཛུགས་ཀྱི་ཕྱི་དྲིལ་ལས་ཁུངས་ནས་པར་སྐྲུན་གནང་བའི་དཔེ་དེབ་ (Tibbati Aparat Balak) ཅེས་པ་འགྲེམས་སྤེལ་ཞུས་གནང་ཡོད།
དེ་བཞིན་བྷཱ་རཏ་ཏིབྦཏ་སམནྱ་སཾགྷ་ཞེས་པའི་རྒྱ་གར་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་མི་རྣམས་ཀྱིས་བདེ་སྐྱིད་གླིང་བོད་མིའི་གཞིས་ཆགས་སུའང་༸ཀུན་གཟིགས་པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་བསྟན་འཛིན་དགེ་འདུན་ཡེ་ཤེས་འཕྲིན་ལས་མཆོག་དགུང་ལོ་ ༣༤ ལ་ཕེབས་པའི་སྐུའི་འཁྲུངས་སྐར་སྲུང་བརྩི་ཞུས་ཡོད།རྒྱ་གར་གྱི་བི་ཧཱར་མངའ་སྡེའི་ནང་འཕགས་བོད་མཛའ་འབྲེལ་ཚོགས་པ་ (India Tibet Friendship Society) དང་རཱ་དྷཱ་ཀྲྀཥཱན་གྷོ་ཨིན་ཀ་མཐོ་སློབ་(Radhekrishna Goenka College) ཐུན་མོང་གིས་༸ཀུན་གཟིགས་པཎ་ཆེན་རིན་པོ་ཆེ་གློད་བཀྲོལ་གཏོང་དགོས་པའི་བགྲོ་གླེང་གོ་སྒྲིག་གནང་སྟེ་༸ཀུན་གཟིགས་པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་བསྟན་འཛིན་དགེ་འདུན་ཡེ་ཤེས་འཕྲིན་ལས་མཆོག་དགུང་ལོ་ ༣༤ ལ་ཕེབས་པའི་འཁྲུངས་སྐར་སྲུང་བརྩི་ཞུས་ཡོད་པ་དང་། དུས་དྲན་སྲུང་བརྩིའི་མཛད་སྒོར་རྒྱ་གར་རྒྱལ་ཡོངས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་གཞོན་པ་སྐུ་ཞབས་སུ་རེནྡྲ་ཀུ་མཱར་ (Shri Surendra Kumar) ལགས་ཀྱིས་འཕགས་བོད་དང་། རྒྱ་ནག་གི་འབྲེལ་བ། རྒྱ་ནག་གིས་ཁྲིམས་འགལ་ཐོག་བོད་དབང་བསྒྱུར་བྱས་པ་སོགས་ཀྱི་འགྲེལ་བཤད་གཟབ་རྒྱས་གནང་ཞིང་། བི་ཧཱར་འཕགས་བོད་མཛའ་འབྲེལ་ཚོགས་པའི་ཚོགས་གཙོ་ཧཱ་རེནྡྲ་ཀུ་མར་ (Dr. Harendra Kumar) ལགས་ཀྱིས་བོད་ཀྱི་རང་དབང་ནི་རྒྱ་གར་ལ་ཁེ་ཕན་ཆགས་ཡོད་སྐོར་གསུངས།
སློབ་དཔོན་རེ་ནུ་ཐ་ཀུར་ (Dr. Renu Thakur) ལགས་ཀྱིས་ཕྱི་དྲིལ་ལས་ཁུངས་ནས་༸ཀུན་གཟིགས་པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་བསྟན་འཛིན་དགེ་འདུན་ཡེ་ཤེས་འཕྲིན་ལས་མཆོག་དགུང་ལོ་ ༣༤ ལ་ཕེབས་པའི་འཁྲུངས་སྐར་ཉིན་མོར་བསྒྲགས་གཏམ་སྤེལ་བ་དེ་སྒྲོགས་སྦྱང་གནང་ཡོད། བི་ཧཱར་འཕགས་བོད་མཛའ་འབྲེལ་ཚོགས་པའི་ཚོགས་མི་ཡོངས་ནས་༸ཀུན་གཟིགས་པཎ་ཆེན་རིན་པོ་ཆེ་མཆོག་དང་སྐུ་འཁོར་ནང་མི་བཅས་པ་མགྱོགས་མྱུར་གློད་བཀྲོལ་གཏོང་དགོས་པའི་འབོད་སྐུལ་གནང་ཡོད།ཕྱོགས་མཚུངས་བྷ་གལ་པུར་ (Bhagalpur) གྲོང་ཁྱེར་དུ་འཕགས་བོད་མཛའ་འབྲེལ་ཚོགས་པའི་ཚོགས་གཙོ་ཚོགས་གཙོ་ཨུ་མ་གྷོ་ཤི་ (Uma Ghosh) ལགས་ཀྱིས་གཙོ་སྐྱོང་འོག་
འཕགས་བོད་མཛའ་འབྲེལ་ཚོགས་པས་༸ཀུན་གཟིགས་པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་བསྟན་འཛིན་དགེ་འདུན་ཡེ་ཤེས་འཕྲིན་ལས་མཆོག་དགུང་ལོ་ ༣༤ ལ་ཕེབས་པའི་འཁྲུངས་སྐར་སྲུང་བརྩི་ཞུས་ཏེ་༸ཀུན་གཟིགས་པཎ་ཆེན་རིན་པོ་འཕྲལ་དུ་གློད་བཀྲོལ་གཏོང་དགོས་པའི་འབོད་སྐུལ་གནང་ཡོད།
རྒྱ་གར་གྱི་ཇར་ཁནྜ་མངའ་སྡེའི་ནང་ཡོད་པའི་འཕགས་བོད་མཛའ་འབྲེལ་ཚོགས་པའི་ཚོགས་མི་རྣམས་ཀྱིས༸ཀུན་གཟིགས་པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་བསྟན་འཛིན་དགེ་འདུན་ཡེ་ཤེས་འཕྲིན་ལས་མཆོག་དགུང་ལོ་ ༣༤ ལ་ཕེབས་པའི་འཁྲུངས་སྐར་སྲུང་བརྩི་ཞུས་ཏེ་༸ཀུན་གཟིགས་པཎ་ཆེན་རིན་པོ་ཆེ་མཆོག་དང་སྐུ་འཁོར་ནང་མི་ལྷན་རྒྱས་འཕྲལ་དུ་གློད་བཀྲོལ་གཏོང་དགོས་པའི་འབོད་སྐུ་གནང་།
རྒྱ་གར་གྱི་མདྱ་པྲདེཤ་མངའ་སྡེའི་རེ་བ་ (Rewa) གྲོང་ཁྱེར་དུ་ས་གནས་འཕགས་བོད་མཛའ་འབྲེལ་ཚོགས་པའི་ཚོགས་མི་རྣམས་ཀྱིས༸ཀུན་གཟིགས་པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་བསྟན་འཛིན་དགེ་འདུན་ཡེ་ཤེས་འཕྲིན་ལས་མཆོག་དགུང་ལོ་ ༣༤ ལ་ཕེབས་པའི་འཁྲུངས་སྐར་སྲུང་བརྩི་ཞུས་ཡོད་པ་བཅས།།