༄༅། །༸ཀུན་གཟིགས་པཎ་ཆེན་བསྟན་འཛིན་དགེ་འདུན་ཡེ་ཤེས་འཕྲིན་ལས་ (དགེ་འདུན་ཆོས་ཀྱི་ཉི་མ།) མཆོག་དགུང་ལོ་ ༣༤ ཕེབས་པའི་འཁྲུངས་སྐར་ཉིན་ཡུ་རོབ་གྲོས་ཚོགས་ཀྱི་འཐུས་མི་སྐུ་ཞབས་མི་ཀུ་ལ་སི་པེག་ས་ (Mikulas Peksa) ལགས་ཀྱིས་སྣེ་ཁྲིད་པའི་གྲོས་ཚོགས་འཐུས་མི་བཅུ་གཅིག་གིས་ཡུ་རོབ་གྲོས་ཚོགས་ཀྱི་ཆེས་མཐོའི་སྐུ་ཚབ་ཇོ་སེབ་བྷོ་རེལ་(Josep Borrell) ལགས་སུ་ཡིག་འབྲེལ་ཕུལ་ཏེ་དེ་སྔོན་ཡུ་རུབ་མཐུན་ཚོགས་ཀྱི་སྐུ་ཚབ་ནས་༸ཀུན་གཟིགས་པཎ་ཆེན་རིན་པོ་ཆེ་རྒྱ་གཞུང་གིས་གར་སོང་ཆ་མེད་བཏང་བའི་གནད་དོན་སྐོར་རྒྱ་ནག་གཞུང་དང་ལྷན་གྲོས་མོལ་བྱས་ཡོད་མེད་དང་། ཡོང་འགྱུར་འཚོག་འཆར་ཡོད་པའི་ཡུ་རུབ་མཐུན་ཚོགས་དང་རྒྱ་ནག་བར་གྱི་ཐབས་བྱུས་གྲོས་མོལ་སྐབས་རྒྱ་ནག་གཞུང་གི་སྐུ་ཚབ་དང་ལྷན་དུ་དེ་འབྲེལ་གྲོལ་མོལ་གནང་འཆར་ཡོད་མེད། དེ་བཞིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་༸སྐུའི་ཡང་སྲིད་ངོས་འཛིན་ཞུ་ཕྱོགས་ཐད་བཞེངས་ཕྱོགས་ཁ་གསལ་བཟོ་འཆར་ཡོད་མེད་བཅས་ཀྱི་དྲི་བ་ཕུལ་ཡོད་པ་བཅས།།
ཡིག་འབྲེལ་ངོ་མ་གཤམ་གསལ་འབྲེལ་ཐག་ནང་གཟིགས།