༄༅། །བོད་མིའི་སྒྲིག་འཛུགས་འཕྲོད་བསྟེན་ལས་ཁུངས་ཀྱི་མ་དང་བྱིས་པའི་འཕྲོད་བསྟེན་ལས་གཞིའི་ལས་བྱེད་སྐལ་བཟང་ཆོས་སྒྲོན་ལགས་དང་བསྟན་འཛིན་པདྨ་ལགས་གཉིས་སིམ་ལ་བོད་མིའི་གཞིས་ཆགས་སུ་ཆེད་ཕེབས་ཀྱི་ཕྱི་ལོ་ ༢༠༢༣ ཟླ་བ་ ༠༤ ཚེས་ ༢༡ ནས་ ༢༣ བར་ཉིན་གྲངས་གསུམ་རིང་སིམ་ལ་སམ་བྷོ་ཊ་གཏན་སློབ་ཀྱི་བུད་མེད་སློབ་མ་རྣམས་གྲངས་ ༢༣ ལ་ཁྲག་གི་ནང་ཕྲ་ཕུང་དམར་པོ་ཉུང་སྐྱོན་ཡོད་མེད་བརྟག་དཔྱད་གནང་ཡོད། དེ་དང་ཕྱོགས་མཚུངས་སློབ་མ་རྣམས་ལ་ཁྲག་ནང་ཕྲ་ཕུང་དམར་པོ་ཉུང་སྐྱོན་གྱི་ནད་གཞིའི་སྐོར་གོ་རྟོགས་གཏམ་བཤད་ཀྱང་གནང་ཡོད་པ་བཅས།།
འཕྲོད་བསྟེན་ལས་ཁུངས་ནས་སིམ་ལ་བོད་མིའི་གཞིས་ཆགས་སུ་ཁྲག་ནང་ཕྲ་ཕུང་དམར་པོ་ཉུང་སྐྱོན་ནད་གཞི་བརྟག་དཔྱད་གནང་བ།
གསར་གནས།

འབྲེལ་གནས།
