༄༅། །ཕྱི་ལོ་ ༢༠༢༣ ཟླ་བ་ ༤ ཚེས་ ༢༤ ནས་ ༢༧ བར་བོད་མིའི་སྒྲིག་འཛུགས་ནང་སྲིད་ལས་ཁུངས་ཀྱི་སྐུ་ཚབ་ཏུ་དྲུང་འཕར་བསྟན་འཛིན་ནོར་བུ་ལགས་ཀྱིས་སྤྲོད་དཔང་གནང་ཐོག་སིམ་སྤྱི་ཚུལ་ཁྲིམས་རྡོ་རྗེ་ལགས་དང་ཚབ་གསར་ཚེ་དབང་ཕུན་ཚོགས་ལགས་རྣམ་གཉིས་དབར་རྩིས་སྤྲོད་རྩིས་ལེན་གྱི་ལས་རིམ་གྲུབ་རྗེས་ཕྱི་ཚེས་ ༢༥ ཉིན་ཚེ་དབང་ཕུན་ཚོགས་ལགས་ཀྱིས་སིམ་སྤྱིའི་ཐུགས་འགན་བཞེས་གནང་ཡོད།དེ་ཡང་ཕྱི་ཚེས་ ༢༤ ཉིན་སིམ་ལ་སྤྱི་ཁྱབ་ལས་ཁུངས་ཀྱི་ཁྱབ་ཁོངས་ཁག་ངོ་སྤྲོད་གནང་གྲུབ་རྗེས་ཞབས་སྟེགས་བརྗེ་ལེན་གནང་ཡོད་པ་དང་། ཕྱི་ཚེས་ ༢༥ ཉིན་ས་གནས་ཀྱི་དགོན་སྡེ་ཁག་དང་། སིམ་ལ་ཁ་འཐོར་བོད་མིའི་གཞིས་ཆགས་ཁག རྒས་གསོ་ཁང་བཅས་སུ་འཚམས་གཟིགས་དང་། སྤྱི་ཁྱབ་སྐོར་སྲུང་བ་སཱན་ཇིབ་ཀུ་མཱར་གཱཾདྡྷཱི་ (Sanjeev Kumar Gandhi) ལགས་དང་མཇལ་འཕྲད་གནང་ཡོད། ཕྱོགས་མཚུངས་ཕྱི་ཚེས་ ༢༦ དང་ ༢༧ ཉིན་ཧི་མ་ཅཱལ་མངའ་སྡེའི་སྲིད་སྐྱོང་ཤིབ་པྲ་ཏཔ་ཤུག་ལཱ་ (Shiv PratapShukla) མཆོག་དང་། ཧི་མ་ཅཱལ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་སྐུ་ཞབས་སུཁ་ཝིནྡར་སིངྒ་སུ་ཁུ་ (Sukhvinder Singh Sukhu) མཆོག ཧི་མཱ་ཅལ་མངའ་སྡེ་གཞུང་གི་སྤྱི་ཁྱབ་དྲུང་ཆེ་སྐུ་ཞབས་ཨོན་ཀར་ཅནྟ་ཤར་མ་ (Onkar Chand Sharma) ལགས། ཟུང་དྲུང་པི་ཀེ་ཏཱཀ་ (P.K. Taak) ལགས་ དང་མཇལ་འཕྲད་གནང་ཡོད་པ་བཅས། །
གསར་གནས།
འབྲེལ་གནས།