༄༅། །འདི་གར་བོད་མིའི་སྒྲིག་འཛུགས་ཀྱི་ཤེས་རིག་ལས་ཁུངས་ནས་བཏང་གནས་ནང་འཁོད་དོན། ཕྱི་ལོ་ ༢༠༢༣ ཟླ་བ་ ༤ ཚེས་ ༢༠ ཉིན་ཤེས་རིག་ལས་ཁུངས་ཀྱི་ཚོགས་ཁང་དུ་བོད་སྒྱུར་ཞུས་པའི་བྱིས་པའི་སྒྲུང་དེབ་གསུམ་ལ་ཞུ་དག་གནང་ཡོད།
དེ་ཡང་གོང་ཚེས་ཉིན་ཤེས་རིག་ལས་ཁུངས་ཀྱི་ཤེས་ཡོན་ལྷན་ཚོགས་ཡིག་ཚང་གི་སློབ་དེབ་ཚན་པའི་འགན་འཛིན་དགེ་འདུན་དོན་ཡོད་ལགས་དང་། རྩོམ་སྒྲིག་འགན་འཁུར་བ་ངག་དབང་བསྟན་འཛིན་ལགས། འཇམ་དབྱངས་ཤེས་ཡོན་ཞབས་ཞུ་ཁང་གི་འགན་འཛིན་བུདྡྷ་སྐྱབས་ལགས། ནོར་གླིང་རིག་གཞུང་གཅེས་སྐྱོང་ཁང་གི་ལས་བྱེད་ཉི་མ་མཚོ་ལགས། སྒྲ་སྒྱུར་དང་ཉམས་ཞིབ་ལྷན་ཁང་གི་ལས་བྱེད་བསོད་ནམས་རྒྱལ་ལགས། བྱིས་སྒྲུང་བོད་སྒྱུར་བ་ཚེ་རིང་དཔལ་འཛོམས་ལགས་བཅས་ལྷན་འཛོམས་ཀྱིས་ཨིན་ཇིའི་སྐད་ཡིག་ནས་བོད་སྒྱུར་ཞུས་པའི་བྱིས་སྒྲུང་ཁག་གཉིས་དང་། གསར་རྩོམ་ཞུས་པའི་བྱིས་སྒྲུང་གཅིག་བཅས་ལ་མ་རྩོམ་དང་ཞིབ་བསྡུར་གྱིས་ཞུ་དག་གནང་ཡོད་པ་དང་། ལས་གཞི་འདིའི་འོག་བྱིས་སྒྲུང་བཅུ་རྩོམ་སྒྲིག་གིས་པར་འགྲེམས་ཞུ་རྒྱུ་ཡིན་པས། ལས་གཞིའི་འགྲོ་གྲོན་ཆ་ཚང་བོད་ཀྱི་ཐེབས་རྩ་བརྒྱུད་ནས་ཨ་རིའི་རོགས་ཚོགས་ནས་མཐུན་འགྱུར་གནང་བ་ཞིག་ཡིན་པ་བཅས། །