༄༅། །བོད་མིའི་སྒྲིག་འཛུགས་ཕྱི་དྲིལ་ལས་ཁུངས་ཀྱི་བོད་ཀྱི་བརྙན་འཕྲིན་ཚན་པས་བཙན་བྱོལ་ནང་གི་བོད་མི་གློག་བརྙན་བཟོ་ལས་པ་ཚོའི་སྒྱུ་རྩལ་གོང་འཕེལ་ཆེད་དུ་དངོས་བྱུང་ངམ་དམིགས་བསལ་བརྗོད་གཞི་གང་རུང་ཐོག་གློག་བརྙན་བཟོ་ཆེད་ཧིན་སྒོར་ ༢༠༠,༠༠༠།༠༠ (འབུམ་གཉིས།) རེའི་མ་དངུལ་གནང་རྒྱུ་ཡིན།
གློག་བརྙན་བརྗོད་གཞི། བཙན་བྱོལ་བོད་མིའི་སྤྱི་ཚོགས་ཀྱི་འགྱུར་ལྡོག
སྐད། བོད་ཨིན་གང་རུང་ཐོག་མཆན་འགོད་ཅན་ཡིན་དགོས།
དུས་ཡུན། སྐར་མ་ ༢༥ ནས་ ༣༠ ལས་མ་མང་བ།
ལས་གཞིའི་དམིགས་ཡུལ། བོད་མི་གློག་བརྙན་བཟོ་ལས་པ་ཚོར་ཆེ་མཐོང་དང་དཔལ་འབྱོར་རམ་འདེགས་ཞུ་རྒྱུ། གློག་བརྙན་བཟོ་སྐྲུན་གྱི་ཆེད་ལས་ཐོག་དོ་དབྱིངས་དང་སེམས་ཤུགས་སྤར་རྒྱུ།
འདེམས་སྒྲུག་བརྒྱུད་རིམ།
༡། ལས་གཞི་འདིའི་མ་དངུལ་ཞུ་འདོད་ཡོད་རིགས་རྣམས་ནས་ཕྱི་ལོ་ ༢༠༢༣ ཟླ་ ༥ ཚེས་ ༧ གོང་བོད་ཀྱི་བརྙན་འཕྲིན་ཚན་པར་མིང་ཐོ་དེབ་འགོད་དང་སྦྲགས་གློག་བརྙན་གྱི་ནང་དོན་ཚིག་འབྲུ་བརྒྱ་ལས་མི་ཉུང་བའི་རྩོམ་ཞིག་བྲིས་ནས་འབུལ་དགོས་པ་ཡིན། དེ་དང་མཉམ་དུ་རང་ཉིད་ཀྱི་དཔྱ་ཁྲལ་ལག་དེབ་ཀྱི་ངོ་བཤུས་ཤིག་ཀྱང་འབུལ་དགོས།
༢། གློག་བརྙན་འདེམས་སྒྲུག་ཆེད་དོན་མི་སྣ་རྣམས་ཀྱིས་སྙན་ཞུ་རེ་རེར་ཞིབ་འཇུག་གི་སྔོན་འགྲོའི་འདེམས་སྒྲུག་ནང་ཚུད་པ་རྣམས་ཕྱི་ལོ་ ༢༠༢༣ ཟླ་ ༥ ཚེས་ ༣༡ འགྱངས་མེད་བརྡ་ལན་འབུལ་རྒྱུ།
༣། སྔོན་འགྲོའི་འདེམས་སྒྲུག་ནང་ཚུད་པ་ཙམ་གྱི་གློག་བརྙན་མ་དངུལ་སྤྲོད་པ་ཁྱབ་ཀྱི་མེད།
༤། གློག་བརྙན་བཟོ་སྐྲུན་པ་རྣམས་ཀྱིས་ཕྱི་ལོ་ ༢༠༢༣ ཟླ་ ༡༢ ཚེས་ ༣༡ འགྱངས་མེད་རང་ཉིད་ཀྱི་གློག་བརྙན་འབུལ་ཐུབ་པ་དགོས་རྒྱུ།
༥། གློག་བརྙན་འདེམས་སྒྲུག་ཆེད་དོན་མི་སྣ་རྣམས་ཀྱིས་གློག་བརྙན་རེ་རེར་ཞིབ་འཇུག་གིས་ཐག་གཅོད་ཇི་བྱུང་སྐབས་མཚམས་གསལ་བསྒྲགས་གནང་རྒྱུ།
༦། གློག་བརྙན་འདེམས་སྒྲུག་ཞུས་པ་རྣམས་ལ་གློག་བརྙན་རེར་ཧིན་སྒོར་ ༢༠༠,༠༠༠།༠༠ རེ་འབུལ་རྒྱུ། (འདི་ནས་ཁྲལ་གྱི་བརྒྱ་ཆ་ ༡༠ གཅོག་དགོས།)
༧། གློག་བརྙན་འདེམས་སྒྲུག་ཞུས་པ་རྣམས་རིམ་པས་བོད་ཀྱི་བརྙན་འཕྲིན་གྱི་བརྒྱུད་ལམ་ཐོག་འདོན་སྤེལ་ཞུ་རྒྱུ་བཅས།
སྙན་ཞུ་འབུལ་ཡུལ།
The Secretary,
Department of Information & International Relations, Central Tibetan Administration,
P.O. Dharamshala – 176215,
District Kangra, H.P. India
གློག་འཕྲིན། [email protected], [email protected]
ཁ་པར། +91-1892-222457, 222510