༄༅། །བོད་མིའི་སྒྲིག་འཛུགས་ཕྱི་དྲིལ་བོད་ཀྱི་བརྙན་འཕྲིན་གྱི་ལས་རིམ་མང་དུ་གཏོང་རྒྱུ་དང་། བོད་མི་གློག་བརྙན་བཟོ་ལས་པའི་དོ་དབྱིངས་དང་སྒྱུ་རྩལ་གོང་འཕེལ་གཏོང་རྒྱུའི་ཆེད་དུ་བོད་མི་གློག་བརྙན་བཟོ་ལས་པ་ཚོར་དུས་ཐུང་ (སྐར་མ་ ༡༥ ནས་ ༢༠) དངོས་བྱུང་གློག་བརྙན་གསར་བཟོའི་ལས་དོན་ཁག་གཅིག་ལས་དོན་བོགས་གཏོང་ཞུ་རྒྱུ་ཡིན། དོ་དབྱིངས་ཡོད་མཁན་ཚོས་ གཤམ་འཁོད་ཁ་བྱང་ཐོག་ཕྱི་ལོ་ ༢༠༢༣ ཟླ་ ༥ ཚེས་ ༧ འགྱངས་མེད་འབྲེལ་བ་གནང་རོགས་ཞུ། བོད་མིའི་སྒྲིག་འཛུགས་ཀྱི་ཕྱི་དྲིལ་ལས་ཁུངས་ནས་ཕྱི་ལོ་ ༢༠༢༣ ཟླ་ ༤ ཚེས་ ༧ ལ།
འཚང་སྙན་འབུལ་ཡུལ།
The Secretary,
Department of Information & International Relations, Central Tibetan Administration,
P.O. Dharamshala – 176215,
District Kangra, H.P. India
གློག་འཕྲིན། [email protected] / [email protected]
ཁ་པར། +91-1892-222457, 222510