༄༅། །ཕྱི་ལོ་ ༢༠༢༣ ཟླ་བ་ ༤ ཚེས་ ༢༨ ཉིན་གྱི་སྔ་དྲོ་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་སི་ཀོཊ་ལན་ཌིའི་གྲོང་ཁྱེར་ཨེ་ཌིན་བྷག་ནས་ཨ་བེར་ཌིན་དུ་ཕེབས་འབྱོར་གྱིས་ཨ་བེར་ཌིན་གྲོང་ཁྱེར་སྤྱི་ཁྱབ་པ་སྐུ་ཞབས་ཌེ་ཝི་ཌི་ ཀེམ་རོན་ (David Cameron) ལགས་དང་མཇལ་འཕྲད་གནང་ཡོད་པ་མ་ཟད། ཨ་བེར་ཌིན་གཙུག་ལག་སློབ་གཉེར་ཁང་དུ་བོད་ཀྱི་འདས་དང་མ་འོངས། (Tibet’s Past and Future) ཞེས་པའི་བརྗོད་གཞིའི་ཐོག་གསུང་བཤད་གནང་ཡོད་པ་དང་། གསུང་བཤད་ཀྱི་ལས་རིམ་དེ་བཞིན་ཨ་བེར་ཌིན་གཙུག་ལག་སློབ་གཉེར་ཁང་གི་སི་ཀོ་ཊིཤ་ཧི་མ་ལ་ཡ་ཉམས་ཞིབ་བསྟི་གནས་ཁང་གི་ངེས་སྟོན་པ་མར་ཊིན་མི་ལི་སི་ (Dr. Martin Mills) ལགས་ཀྱིས་གོ་སྒྲིག་གནང་ཡོད།དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གི་སི་ཀོཊ་ལན་ཌི་ཁུལ་དུ་ཉིན་གྲངས་གཉིས་རིང་གི་གཞུང་འབྲེལ་ཕྱོགས་ཕེབས་ལེགས་པར་གྲུབ་རྗེས་ཕྱི་ཚེས་ ༢༩ ཉིན་ཨིན་ཡུལ་རྒྱལ་ས་ལོན་ཌོན་དུ་ཕེབས་ཐོན་གྱིས་ལོན་ཌོན་ཁུལ་གནས་སྡོད་བོད་རིགས་གཞོན་སྐྱེས་དང་ཐུག་འཕྲད་གནང་རྒྱུ་ཡིན་འདུག་པ་བཅས། །
གསར་གནས།
འབྲེལ་གནས།