༄༅། །ཕྱི་ལོ་ ༢༠༢༣ ཟླ་བ་ ༠༤ ཚེས་ ༠༦ ཉིན་རྡོར་གླིང་བདེ་དོན་ཚོགས་པས་མགྲོན་འབོད་གནང་དོན་ལྟར་རྡོར་གླིང་ས་གནས་འགོ་འཛིན་ཚེ་དབང་ཕུན་ཚོགས་ལགས་དང་། ས་གནས་རང་བདེན་ཚོགས་ཆུང་གི་ཚོགས་གཙོ་འགྱུར་མེད་བརྩོན་འགྲུས་ལགས། རྡོར་གླིང་སམ་བྷོ་ཊ་གཏན་སློབ་ཀྱི་སློབ་སྤྱི་སྐལ་བཟང་ཆོས་སྒྲོན་ལགས་བཅས་སེན་ཇོ་སེབ་སློབ་གྲྭར་དཔེ་དེབ་དབུ་འབྱེད་མཛད་སྒོར་ཆེད་བཅར་ཞུས་ཡོད།
དེ་ཡང་འབུམ་རམས་པ་དིཔ་མ་ལོ་ཧ་རོ་ཀ་ (Dr. Dipmaloa Roka) ལགས་ཀྱིས་བརྩམས་པའི་དཔེ་དེབ་ (Not An Accidental Rise) ཅེས་པ་ནི་རྒྱ་གར་གཞུང་གི་ཕྱི་སྲིད་དྲུང་ཆེ་དང་གཞུང་ཚབ་ཟུར་པ། དེ་བཞིན་སྟོབས་ཆེན་རྒྱལ་ཁབ་ཉི་ཤུའི་ཚོགས་འདུའི་འབྲེལ་མཐུད་པ་སྐུ་ཞབས་ཧརྵ་བརྡྷན་ཤྲཾ་ག་ལཱ་ (Harsh Vardhan Shringla) ལགས་ཀྱི་མི་ཚེའི་ལོ་རྒྱུས་ལ་གཞི་བཅོལ་ནས་བྲིས་པ་ཞིག་ཡིན་པ་རེད།
གཞན་ཡང་ཚོགས་འདུའི་ཐོག་རྒྱ་གར་གྱི་ཕྱི་སྲིད་དྲུང་ཆེ་ཟུར་པ་ཆོས་སྐྱིད་ལ་ཨི་ཡར་ (Chokila Iyer) ལགས་གཙོས་པའི་གནད་ཡོད་མི་སྣ་ཁག་གཅིག་མཉམ་ཞུགས་གནང་ཡོད་པ་བཅས།།