༄༅། །འདི་གར་ཆེས་མཐོའི་ཁྲིམས་ཞིབ་ཁང་ནས་བཏང་གནས་ནང་འཁོད་དོན། ལྷོ་ཕྱོགས་བོད་མིའི་ས་གནས་ཁྲིམས་ཞིབ་ཁང་གི་ཁྲིམས་ཞིབ་པ་བསྟན་འཛིན་ཡོན་ཏན་ལགས་དང་ཁྲིམས་དྲུང་ཕུན་ཚོགས་དཔལ་ལྡན་ལགས་གཉིས་ནས་ཕྱི་ལོ་ ༢༠༢༣ ཟླ་ ༣ ཚེས་ ༡༣ ཉིན་སྦེལ་ཀོབ་ལུགས་བསམ་དང་བདེ་སླར་ས་གནས་གཉིས་ཀྱི་གནད་ཡོད་མི་སྣ་ཁག་དང་། ཚེས་ ༡༥ ཉིན་གཞིས་ལས་དང་མཉམ་འབྲེལ་ལས་བྱེད་རྣམས། ཚེས་ ༢༠ སྔ་དྲོའི་ཆུ་ཚོད་ ༩ ཐོག་སྦེལ་ཀོབ་སམ་བྷོ་ཊ་སློབ་གྲྭའི་དགེ་ལས་སློབ་མ་བཅས་མཉམ་ཞུགས་གནང་བ་རྣམས་ལ་བཙན་བྱོལ་བོད་མིའི་ཁྲིམས་ལུགས་ཀྱི་གོ་རྟོགས་ལས་གཞི་ཞིག་སྤེལ་ཡོད།ཁྲིམས་ལུགས་གོ་རྟོགས་ཀྱི་ལས་རིམ་ནང་བཙན་བྱོལ་བོད་མིའི་མང་གཙོའི་འཕེལ་རིམ་དང་། མང་གཙོ་ཀ་བ་གསུམ་གྱི་ངོ་བོ་དང་འགན་དབང་ངོ་སྤྲོད། བོད་མིའི་ཁྲིམས་ཞིབ་ཁང་གི་སྤྱི་མང་གཏུག་བཤེར་འགྲོ་ལུགས་རྩ་འཛིན་ཁྲིམས་ཡིག་གཞིར་བཞག་པའི་ཁྲིམས་གཏུག་གནང་ཕྱོགས་བཅས་ཀྱི་བརྗོད་གཞིའི་ཐོག་གོ་རྟོགས་དང་། སྐབས་མཚམས་སོ་སོར་དོགས་འདྲི་བྱུང་བ་ཁག་ལ་ལན་འདེབས་གསལ་བཤད་གནང་འདུག་པ་བཅས། །
གསར་གནས།
འབྲེལ་གནས།