༄༅།། ཕྱི་ལོ་ ༢༠༢༣ ཟླ་བ་ ༣ ཚེས་ ༢༧ རེས་གཟའ་ཟླ་བའི་ཉིན་ཧིན་བོད་མཛའ་འབྲེལ་ཚོགས་པ་དང་ཧི་མཱ་ཅལ་མངའ་སྡེའི་སིར་མོར་རྫོ
ཕྱི་དྲིལ་བོད་ཀྱི་འགྲེམས་སྟོན་ཁང་ནས་བོད་དོན་དང་འབྲེལ་བའི་པར་རིས་ཁག་འགྲེམས་སྟོན་ཞུས་ཡོད་པ་མ་ཟད། སྤོན་ཊ་ཡན་ལག་སྨན་རྩིས་ཁང་ནས་བོད་ཀྱི་སྲོལ་རྒྱུན་གྱི་ཐོག་ནས་རྒྱ་གར་ཡུལ་མིའི་ནད་པར་བརྟག་དཔྱད་དང་བོད་ཀྱི་གསོ་བ་རིགས་པའི་སྨན་གཞུང་དང་དཀར་རྩིས་སྐོར་འགྲེམས་སྟོན་དང་ངོ་སྤྲོད་གནང་ཡོད།
གོ་སྒྲིག་ཚོགས་ཆུང་གི་ངོས་ནས་སྐུ་མགྲོན་རྣམས་ལ་ཐུགས་རྗེ་ལེགས་ཕུལ་གྱི་ཕྱག་རྟགས་ཕུལ་བ་དང་ཆབས་ཅིག་རྒྱ་གར་དབུས་གཞུང་དང་ལྷག་པར་ཧི་མ་ཅཱལ་མངའ་གཞུང་ནས་བོད་མི་ཚོར་ལོ་ངོ་བཅུ་ཕྲག་རིང་མཐུན་འགྱུར་རོགས་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞུ་ཡོད་པ་བཅས། །