༄༅། །བོད་མིའི་སྒྲིག་འཛུགས་ནང་སྲིད་ལས་ཁུངས་སུ་བརྡ་འཕྲིན་འཕྲུས་ལས་ (IT) དང་ན་གཞོན་གྲངས་ཐོ་ (Data Keeping) དང་འབྲེལ་བའི་ན་གཞོན་འབྲེལ་མཐུད་འབྲེལ་ལས་ ༡ དགོས་གལ་བཞིན་ཆོད་གན་གྱི་ངོ་བོར་བསྐོ་གཞག་ཞུ་རྒྱུ་ལགས་ན། གཤམ་གསལ་ཆ་རྐྱེན་ཚང་རིགས་ནས་འདི་གའི་ཆོད་གན་ལས་བྱེད་དུ་ཞབས་ཞའི་འདོད་བློ་མཆིས་ཚེ་གློག་འཕྲིན་ཁ་བྱང་ [email protected] ཐོག་ཕྱི་ལོ་ ༢༠༢༣ ཟླ་ ༣ ཚེས་ ༢༠ ཕྱི་དྲོ་ཆུ་ཚོད་ ༥ པའི་གོང་སྙན་འབུལ་ཟིན་པ་དགོས་རྒྱུ་དང་ཡིག་ཆ་ངོ་མ་རྣམས་ངག་རྒྱུགས་སྐབས་མིག་སྟོན་བྱ་དགོས་པར་ཐུགས་སྣང་ཡོང་བ་དང་། གོང་གསལ་དུས་བཀག་རྗེས་འཚང་སྙན་འབྱོར་རིགས་ལ་ངོས་བཞེས་གནང་རྒྱུ་མིན་པ་བཅས་ཀྱི་གསལ་བསྒྲགས་སུ།
དགོས་མཁོའི་ཆ་རྐྱེན་ཁག
༡། བརྡ་འཕྲིན་འཕྲུས་ལས་ (IT) ཐོག་གཙུག་ལག་རམ་འབྱམས་སློབ་ཐོན་ཟིན་པའི་ལག་འཁྱེར་ངོ་བཤུས།
༢། ཕྱི་ལོ་ ༢༠༢༣ ཟླ་ ༣ ཚེས་ ༣༡ བར་དང་བླངས་དཔྱ་དངུལ་གཙང་འབུལ་ཟིན་པའི་ལག་དེབ་ཀྱི་ངོ་བཤུས།
༣། གཟུགས་གཞི་བདེ་ཐང་ལས་འཕེར་ཡིན་པའི་ངོས་སྦྱོར་སྟེང་རང་ཉིད་ཀྱི་ཕྱེད་པར་མཉམ་སྦྱར་ཐོག་ ཚད་ལྡན་སྨན་པའི་ལས་དམ་དང་མཚན་རྟགས་འཁོད་པའི་ཡིག་ཆ་ངོ་མ།
༤། རང་ཉིད་གཏན་སྡོད་བྱ་ཡུལ་ས་གནས་འགོ་འཛིན་ནས་རྒྱུན་གཏན་བྱ་སྤྱོད་ལ་ཉེས་སྐྱོན་མེད་པའི་ ངོས་སྦྱོར་ངོ་མ་དགོས་གལ།
༥། སྤྱི་སྒེར་གང་རུང་ནང་ལས་ཀ་བྱེད་མུས་ཡིན་ཚེ་ལས་ཡུལ་དེ་ནས་དགག་བྱ་མེད་པའི་ངོས་སྦྱོར།
༦། བརྡ་འཕྲིན་འཕྲུལ་ལས་ཐོག་ཉམས་མྱོང་ཡོད་ཚེ་དམིགས་བསལ་དགོངས་བཞེས་གནང་རྒྱུ།
དོགས་འདྲི་ཡོད་ཚེ་ཁ་པར་ཨང་་གྲངས་ ༠༡༨༩༢-༢༢༢༤༡༢/༢༢༢༢༡༤ དང་། ཡང་ན་ནང་སྲིད་ལས་ཁུངས་སུ་བཅར་ཏེ་འབྲེལ་བ་གནང་སྐྱོང་ཡོང་བ་བཅས་ནང་སྲིད་ལས་ཁུངས་ནས་ཕྱི་ལོ་ ༢༠༢༣ ཟླ་ ༣ ཚེས་ ༩ ལ།།