༄༅། །བོད་མིའི་དང་བླངས་འཕྲོད་བསྟེན་ཚོགས་པའམ་བོད་མིའི་སྒྲིག་འཛུགས་འཕྲོད་བསྟེན་ལས་ཁུངས་སུ་འཕྲོད་བསྟེན་གྲངས་ཐོ་དང་འབྲེལ་བའི་ཆོད་གན་ལས་བྱེད་གཅིག་དགོས་གལ་འདུག་ན། རང་རེའི་སྤྱི་ཚོགས་ཁྲོད་དེ་ཐོག་ཞུགས་འདོད་ཡོད་པ་རྣམས་ནས་འཚང་སྙན་འབུལ་སྐབས་ཚང་དགོས་པའི་ཆ་རྐྱེན་གཤམ་གསལ།
དགོས་ངེས་ཆ་རྐྱེན་གཞན།
༡། Qualified BCA or BSc Computer Science སློབ་ཐོན་ཟིན་པའི་ལག་འཁྱེར་ངོ་བཤུས་དང་། Preferred skill in Data management and analysis, Health Management Information System, Data Visualization, Proficiency in Microsoft Office Suite).
༢། དང་བླངས་དཔྱ་དངུལ་ཕྱི་ལོ་ ༢༠༢༣ ཟླ་ ༣ ཚེས་ ༣༡ བར་གཙང་ཕུལ་ཞུས་པའི་ལག་དེབ་ཀྱི་ངོ་བཤུས།
༣། གནས་ཡུལ་རྒྱལ་ཁབ་ཏུ་ཁྲིམས་མཐུན་གནས་སྡོད་ཆོག་པའི་ངོ་སྤྲོད་ལག་འཁྱེར་ངོ་བཤུས། (ཡོད་ཚེ།)
༤། སྨན་པ་ཚད་ལྡན་ནས་གཟུགས་གཞི་བདེ་ཐང་ལས་འཕེར་ཡིན་པའི་ངོས་སྦྱོར་ངོ་མ།
༥། རང་ཉིད་གཏན་སྡོད་བྱ་ཡུལ་ས་གནས་འགོ་འཛིན་ནས་རྒྱུན་དུ་བྱ་སྤྱོད་ཉེས་སྐྱོན་མེད་པའི་ངོས་སྦྱོར།
༦། ད་ལྟ་ལས་ཀ་བྱེད་མུས་ཡིན་ཚེ་འབྲེལ་ཡོད་ནས་དགག་བྱ་མེད་པའི་ངོས་སྦྱོར།
༧། དོ་བདག་གི་ཞུ་སྙན་དང་སྦྲགས་སློབ་སྦྱོང་གི་རྒྱབ་ལྗོངས་ལོ་རྒྱུས་སྙིང་བསྡུས།
ཕོགས་དང་ཐོབ་ཐངས་གཞན། ཚོགས་པའི་ཆོད་གན་སྒྲིག་གཞི་ལྟར་ཐོབ་རྒྱུ།
གོང་གསལ་ཡིག་ཆའི་འདྲ་བཤུས་སྟེང་ས་གནས་འགོ་འཛིན་ནམ་གཞུང་ཞབས་གནས་རིམ་ཟུང་དྲུང་ཡན་གྱི་དག་མཆན་དང་ལས་དམ་བཀོད་དེ་གཤམ་གསལ་ཞལ་བྱང་ཐོག་ཕྱི་ལོ་ ༢༠༢༣ ཟླ་ ༣ ཚེས་ ༣༡ ཕྱི་དྲོ་ཆུ་ཚོད་ ༥ གོང་འབུལ་འབྱོར་ཐུབ་པ་དགོས་རྒྱུ། འབྲེལ་བ་ཞུ་བདེའི་སླད་ཁ་བྱང་དང་། གློག་འཕྲིན་ Email ID དེ་བཞིན་ཁ་པར་ཨང་གྲངས་སོགས་འཚང་སྙན་ནང་ཁ་གསལ་བཀོད་དགོས། ཆ་རྐྱེན་ཚང་བའི་ཞུ་སྙན་པ་རྣམས་ལ་འདེམས་རྒྱུགས་ཀྱི་ཚེས་ཆ་སྐབས་མཚམས་ཐག་གཅོད་ཀྱིས་ཁུང་འབྲེལ་བྱ་རྒྱུ་ཡིན་པ་ཡིག་ཆ་ངོ་མ་རྣམས་འབྱོར་ཐོ་འགོད་བཅར་སྐབས་མིག་སྟོན་དགོས་བཅས་ཀྱི་ཡོངས་ཁྱབ་གསལ་བསྒྲགས་སུ། བོད་མིའི་དང་བླངས་འཕྲོད་བསྟེན་ཚོགས་པ་ནས་ཕྱི་ལོ་ ༢༠༢༣ ཟླ་ ༣ ཚེས་ ༨ ལ།།
འཚང་སྙན་འབུལ་ཡུལ།
Executive Secretary
Tibetan Voluntary Health Association,
Department of Health, CTA
Gangchen Kyishong, Dharamsala 176215
Distt Kangra H.P
Email: [email protected] / [email protected]