༄༅། །རྒྱ་གར་བོད་དོན་རྒྱབ་སྐྱོར་ཚོགས་པ་ཁག་གིས་བོད་མིའི་རང་དབང་སྒེར་ལངས་གསུམ་བཅུའི་དུས་དྲན་ཐེངས་ ༦༤ ཉིན་མོ་སྲུང་བརྩི་གཟབ་རྒྱས་ཞུས་གནང་ཡོད།
དེ་ཡང་བྷཱ་རཏ་ཏིབྦཏ་སམནྱ་སཾགྷ་ (Bharat Tibbat Samanvay Sangh) ཞེས་པའི་རྒྱ་གར་བོད་དོན་རྒྱབ་སྐྱོར་ཚོགས་པའི་བུད་མེད་ཚན་པའི་སྤྱི་ཁྱབ་དྲུང་ཆེ་ལྕམ་སན་དཱ་ཡ་སིངྒ་ (Sandhya Singh) ལགས་ཀྱི་འགོ་ཁྲིད་དེ་ཚོགས་མི་རྣམས་ལྡི་ལི་བོད་སྒར་བསམ་ཡས་གླིང་དུ་བོད་མིའི་རང་དབང་སྒེར་ལངས་གསུམ་བཅུའི་དུས་དྲན་ཐེངས་ ༦༤ པའི་གཞུང་འབྲེལ་མཛད་སྒོར་མཉམ་ཞུགས་ཀྱིས་སྲུང་བརྩི་ཞུས་གནང་ཡོད་པ་མ་ཟད། ཚོགས་མི་རྣམས་སྡེ་ར་ལྡུན་དང་། སིམ་ལ། མེན་པཊ་ཁུལ་དུ་བོད་མི་རྣམས་དང་མཉམ་འབྲེལ་གྱིས་བོད་མིའི་རང་དབང་སྒེར་ལངས་གསུམ་བཅུའི་དུས་དྲན་ཐེངས་ ༦༤ ཉིན་མོ་སྲུང་བརྩི་ཞུས་གནང་ཡོད།གཞན་ཡང་ལྡི་ལི་ས་གནས་གཞོན་ནུ་ཚོགས་པའི་གོ་སྒྲིག་འོག་འཕགས་བོད་མཛའ་འབྲེལ་ཚོགས་པའི་སྤྱི་ཁྱབ་དྲུང་ཆེ་སྐུ་ཞབས་པན་ཀཇཱ་གྷོ་ཡལ་ (Shri Pankaj Goyal) ལགས་དང་ཚོགས་མི་རྣམས་ལྡི་ལི་ཇན་ཏར་མན་ཏར་ (Jantar Mantar) དུ་བོད་མིའི་རང་དབང་སྒེར་ལངས་གསུམ་བཅུའི་དུས་དྲན་ཐེངས་ ༦༤ པའི་མཛད་སྒོར་མཉམ་ཞུགས་ཀྱིས་སྲུང་བརྩི་ཞུས་གནང་ཡོད་ལ། འཕགས་བོད་མཛའ་འབྲེལ་ཚོགས་པས་རྒྱ་གར་གྱི་གུཇ་རཱཏ་མངའ་སྡེའི་པཱ་ཊན་ (Patan) དུ་ཡོད་པའི་གུཇ་རཱཏ་གཙུག་ལག་སློབ་གཉེར་ཁང་ (Hemchand Acharya North Gujarat University) དུ་བོད་མིའི་རང་དབང་སྒེར་ལངས་གསུམ་བཅུའི་དུས་དྲན་སྐོར་གོ་རྟོགས་རྒྱ་ཆེར་སྤེལ་ཡོད།དེ་བཞིན་འཕགས་བོད་མཛའ་འབྲེལ་ཚོགས་པས་རྒྱ་གར་གྱི་བི་ཧཱར་མངའ་སྡེའི་གྲོང་ཁྱེར་མུ་ཛ་ཕར་པུར་ (Muzaffarpur) དུ་བོད་མིའི་རང་དབང་སྒེར་ལངས་གསུམ་བཅུའི་དུས་དྲན་ཐེངས་ ༦༤ ཉིན་མོར་བསྒྲགས་གཏམ་ཞིག་སྤེལ་ཏེ་རྒྱ་ནག་གཞུང་གིས་ཁྲིམས་འགལ་གྱིས་བོད་དབང་བསྒྱུར་བྱས་པར་ངོ་རྒོལ་གནང་ཡོད། རྒྱ་གར་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཨ་སམ་དང་མེ་གྷཱ་ལཡ་ས་གནས་འབྲེལ་མཐུད་པ་སྐུ་ཞབས་སོམ་ཡ་དིབ་དཏྟ་ (Soumyadeep Datta) ལགས་དང་ཚོགས་མི་སོགས་ནས་བོད་མིའི་རང་དབང་སྒེར་ལངས་གསུམ་བཅུའི་དུས་དྲན་ཐེངས་ ༦༤ ཉིན་མོ་སྲུང་བརྩི་ཞུས་གནང་ཡོད།
ཕྱོགས་མཚུངས་ལྷུན་གྲུབ་ཆོས་བཟང་ལགས་ཀྱིས་སྣེ་ཁྲིད་དེ་རྒྱ་གར་བོད་དོན་རྒྱབ་སྐྱོར་ཚོགས་པ་ (Bharat Tibbat Sahyog Manch) དང་། འཕགས་བོད་མཛའ་འབྲེལ་ཚོགས་པ། རྟ་དབང་ས་གནས་རང་བདེན་ཚོགས་ཆུང་བཅས་ནས་ཨ་རུ་ནཱ་ཅལ་མངའ་སྡེའི་རྟ་དབང་ཁུལ་དུ་བོད་མིའི་རང་དབང་སྒེར་ལངས་གསུམ་བཅུའི་དུས་དྲན་ཐེངས་ ༦༤ ཉིན་མོ་སྲུང་བརྩི་གཟབ་རྒྱས་ཞུས་གནང་ཡོད་པ་བཅས།།