༄༅། །སིམ་སྤྱི་ཚུལ་ཁྲིམས་རྡོ་རྗེ་ལགས་ཀྱིས་རེ་སྐུལ་གནང་བ་ལྟར་བོད་མིའི་སྒྲིག་འཛུགས་འཕྲོད་བསྟེན་ལས་ཁུངས་ཀྱི་བོད་མིའི་སྨན་བཅོས་ལྟ་སྐྱོང་ལས་གཞི་ཚན་པའི་འགན་འཛིན་པདྨ་གཡུ་སྒྲོན་ལགས་དང་། འབྲེལ་ཡོད་ལས་བྱེད་སངས་རྒྱས་དོན་གྲུབ་ལགས། བསོད་ནམས་སྒྲོལ་མ་ལགས་བཅས་ནས་སིམ་ལ་དབྱངས་ཅན་དགའ་ཚལ་གླིང་དུ་ས་གནས་བོད་མི་མང་ཚོགས་ལ་བོད་མིའི་སྨན་བཅོས་ལྟ་སྐྱོང་ལས་གཞིའི་སྐོར་གོ་རྟོགས་སྤེལ་བ་དང་འབྲེལ་ས་གནས་བོད་མི་མང་ཚོགས་ཀྱི་དྲི་བ་ཁག་ལ་ལན་འདེབས་གསལ་བཤད་གནང་ཡོད། ཉིན་རྒྱབ་འཕྲོད་བསྟེན་ལས་ཁུངས་ཀྱི་ལས་འཆར་ཚན་པའི་འབྲེལ་ཡོད་ལས་བྱེད་ནས་སིམ་ལ་དབྱངས་ཅན་དགའ་ཚལ་གླིང་དུ་ལས་འཆར་ཁག་ལ་རྟོག་ཞིབ་གནང་ཡོད་པ་བཅས།།
འཕྲོད་བསྟེན་ལས་ཁུངས་ནས་སིམ་ལ་དབྱངས་ཅན་དགའ་ཚལ་གླིང་དུ་བོད་མིའི་སྨན་བཅོས་ལྟ་སྐྱོང་ལས་གཞི་སྐོར་གོ་རྟོགས་སྤེལ་བ།
གསར་གནས།

འབྲེལ་གནས།
