༄༅། །འདི་གར་ཐའེ་ཝན་བོད་ཀྱི་སྐུ་ཚབ་དོན་གཅོ
དེ་ཡང་ཕྱི་དྲིལ་བཀའ་བློན་ནོར་འཛིན་སྒྲོལ་མ་མཆོག་གིས་ད་ཐེངས་ཐའེ་ཝན་དུ་གཞུང་དོན་འཚམས་གཟིགས་ཀྱི་ལས་རིམ་ངོ་སྤྲོད་དང་འབྲེལ་ཐའེ་ཝན་མང་གཙོ་ཐེབས་རྩ་ནས་བོད་མིའི་སྒྲིག་འཛུགས་ཀྱི་ལས་གཞི་དང་དམིགས་བསལ་ཐའེ་ཝན་བོད་ཀྱི་སྐུ་ཚབ་དོན་གཅོད་ལས་ཁུངས་ཀྱི་ལས་གཞི་ཁག་ལ་མཐུན་འགྱུར་རོགས་རམ་གནང་བར་ཐུགས་རྗེ་ཆེ་ཞུས་གནང་བ་དང་། ད་ལྟའི་བོད་ནང་གི་ཛ་དྲག་གནས་ཚུལ་ངོ་སྤྲོད་མཐིལ་ཕྱིན་ཞུས་གནང་རྗེས་མ་འོངས་པར་མུ་མཐུད་གོམ་པ་མདུན་སྤོས་ཀྱིས་མཉམ་ལས་མང་ཙམ་གནང་ཐུབ་པའི་རེ་བསྐུལ་དང་། དེ་སྔོན་ཐེབས་རྩ་ཚོགས་པའི་འགན་འཛིན་བཞུགས་སྒར་དུ་ཕེབས་མྱོང་ཡོད་པ་ལྟར། བོད་མིའི་སྒྲིག་འཛུགས་དེ་བཞིན་བཙན་བྱོལ་གྱི་གནས་བབ་འོག་མང་གཙོ་ཚད་དང་ལྡན་པ་ལག་བསྟར་བྱེད་བཞིན་ཡོད་སྟབས། དངོས་སུ་ཕེབས་ཏེ་རྒྱུས་ལོན་དང་མཉམ་ལས་ཀྱི་ལས་གཞི་སྤེལ་ཐབས་ལ་དགའ་བསུ་ཡོད་ཅེས་གསུངས།
དེ་ནས་ཐའེ་ཝན་མང་གཙོ་ཐེབས་རྩའི་འགན་འཛིན་སྐུ་ཞབས་ཧོང་ལིང་ཡུས་ (Huang Yulin) མཆོག་གིས་ཕྱི་དྲིལ་བཀའ་བློན་མཆོག་དང་དྲུང་ཆེ་ཐའེ་ཝན་དུ་འཚམས་གཟིགས་ཕེབས་པར་དགའ་བསུ་ཞུས་པ་དང་ཆབས་ཅིག་བོད་ནང་གི་ཛ་དྲག་གནས་སྟངས་ལ་གདུང་སེམས་མཉམ་བསྐྱེད་དང་། ཐའེ་ཝན་ཕྱོགས་ནས་བོད་མིའི་སྒྲིག་འཛུགས་ཀྱི་ལས་འཆར་ཁག་རྒྱལ་སྤྱི་དང་རྒྱལ་ནང་བཅས་ཁག་གཉིས་སུ་ཕྱེ་སྟེ་རྒྱབ་སྐྱོར་གང་ཐུབ་ཞུ་རྒྱུའི་འདུན་པ་ཆེན་པོ་ཡོད་སྐོར་དང་། ལྷག་པར་བཞུགས་སྒར་རྡ་རམ་ས་ལར་བཅར་རྒྱུའི་གོ་སྐབས་ཡོད་ན་ངེས་པར་དུ་བཅར་རྒྱུ་ཡིན་ཞེས་གསུངས་པ་དང་ཆབས་ཅིག་རྒྱལ་སྤྱིའི་གནས་སྟངས་དང་རྒྱ་ནག་གི་སྲིད་བྱུས་འཕེལ་ཕྱོགས། བོད་མིའི་སྒྲིག་འཛུགས་ཀྱི་སྲིད་བྱུས་སོགས་སྐོར་བཀའ་མོལ་ཞིབ་ལྷུག་བྱུང་ཡོད་པ་བཅས། །
ཕྱི་དྲིལ་བཀའ་བློན་ནོར་འཛིན་སྒྲོལ་མ་མཆོག་གིས་ཐའེ་ཝན་མང་གཙོ་ཐེབས་རྩའི་འགན་འཛིན་དང་མཇལ་འཕྲད་གནང་བ།
གསར་གནས།

འབྲེལ་གནས།
