༄༅། །ཕྱི་ལོ་ ༢༠༢༣ ཟླ་བ་ ༣ ཚེས་ ༦ རེས་གཟའ་ཟླ་བ་ཉིན་གྱི་སྔ་དྲོ་བཞུགས་སྒར་༧རྒྱལ་བའི་ཕོ་བྲང་དུ་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཐུགས་དགྱེས་ཚོར་ཆེན་པོས་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་ལ་གཟིམ་ཆུང་མཇལ་ཁ་སྩལ་ཡོད། སྐབས་དེར་དཔལ་ལྡན་སྲིད་སྐྱོང་མཆོག་གིས་ཉེ་ཆར་ཨིན་ཡུལ་དང་། ཨ་རི། ཁེ་ན་ཌ་བཅས་སུ་གཞུང་འབྲེལ་ཕྱོགས་ཕེབས་གནང་བའི་སྐབས་ཀྱི་གནས་ཚུལ་གཙོ་ཆེ་ཁག་གཅིག་སྙན་གསན་ཞུས་ཡོད་པ་མ་ཟད། ཉེ་བའི་ཆར་གནས་ཚུལ་གང་བྱུང་བ་དེ་དག་སྙན་གསན་ཞུས་པའི་ཐོག་བཀའ་སློབ་ལམ་སྟོན་ཞུ་དགོས་ཁག་ཞུས་ཡོད་པ་བཅས། །
གསར་གནས།
འབྲེལ་གནས།