བོད་ཀྱི་རིག་གཞུང་དང་སྒྱུ་རྩལ་ལས་གཞི།
༄༅།། བོད་མིའི་སྒྲིག་འཛུགས་ཆོས་རིག་ལས་ཁུངས་ནས་བོད་ཀྱི་སྲོལ་རྒྱུན་རིག་གཞུང་དང་དེང་རབས་བོད་ཀྱི་བཟོ་རིག་སྒྱུ་རྩལ་རྒྱུན་འཛིན་དང་གོང་སྤེལ་སླད། རྒྱ་གར་ནང་གནས་འཁོད་བོད་རིགས་སྒྱུ་རྩལ་བ། སྒྱུ་རྩལ་མཁན་གསར་པ་འཐོན་བཞིན་པ། རིག་གཞུང་ཉམས་ཞིབ་པ་རྣམས་ལ་བོད་ཀྱི་རིག་གཞུང་དང་། སྐད་ཡིག སྒྱུ་རྩལ་ཁོ་ནའི་ལས་འཆར་ཆེད་ཧིན་སྒོར་འབུམ་གཅིག་ནས་འབུམ་གསུམ་བར་རོགས་དངུལ་གནང་རྒྱུ་ཡིན་པས། གཤམ་གསལ་ཆ་རྐྱེན་ཚང་ཞིང་ལས་འཆར་སྤེལ་འདོད་ཡོད་རིགས་རྣམས་ནས་ཞུ་སྙན་འགེངས་ཤོག་དང་༼ འགེངས་ཤོག༽ ༼ ལས་འཆར་དང་འཆར་རྩིས་འབུལ་ཕྱོགས་ལམ་སྟོན།༽ དགོས་མཁོའི་ཡིག་ཆ་ཁག་ཆོས་རིག་ལས་ཁུངས་ཀྱི་གློག་འཕྲིན་ཁ་བྱང་ངམ་སྦྲག་བརྒྱུད་ཕྱི་ལོ་ ༢༠༢༣ ཟླ་ ༥ ཚེས་ ༠༡ འགྱངས་མེད་ཕུལ་ཟིན་པ་དགོས། ཆོས་རིག་ལས་ཁུངས་ནས་ཕྱི་ལོ་ ༢༠༢༣ ཟླ་ ༣ ཚེས་ ༡༨ ལ།།
དགོས་ངེས་ཡིག་ཆ་ཁག
- དོ་བདག་གི་མཚན་རྟགས་འཁོད་པའི་འགེངས་ཤོག་སྙན་ཞུ།
- བོད་ཨིན་གང་རུང་ནང་ལས་འཆར་གང་གི་ཆེད་དུ་རོགས་དངུལ་ཞུ་བཞིན་པ་དེའི་འགྲེལ་བརྗོད་ཤོག་ངོས་གསུམ་ནས་ལྔ་བར་འབུལ་དགོས། ༼ ཟུར་སྣོན། ལས་འཆར་འབུལ་ཕྱོགས་ལམ་སྟོན་ལྟར་བཀང་དགོས། ༽
- ལས་འཆར་གྱི་འཆར་རྩིས། ༼ ཟུར་སྣོན། འཆར་རྩིས་འགེངས་ཤོག་མ་དཔེ་ལྟར་འགོད་དགོས། ༽
- སོ་སོའི་ལས་རིགས་ཐོག་ཤེས་མྱོང་ཡོད་པའི་མི་སྣ་གཉིས་ནས་འབྲེལ་སྦྱོར་རྒྱབ་གཉེར་ཡི་གེ་འབུལ་དགོས།
- དང་བླངས་དཔྱ་དངུལ་འབུལ་འབབ་གཙང་ཕུལ་ཟིན་པའི་ལག་དེབ་ཀྱི་ངོ་བཤུས། ༼ ཚོགས་པ་ཡིན་ཚེ་ཚོགས་པའི་འགན་འཛིན་གྱི་དང་བླངས་དཔྱ་དངུལ་ལག་དེབ་ཀྱི་ངོ་བཤུས་འབུལ་དགོས། ༽
- དུས་འགྱངས་ཞུས་པའི་སྐྱབས་བཅོལ་ལག་དེབ་ཀྱི་ངོ་བཤུས། ༼ ཚོགས་པ་ཡིན་ཚེ་ཚོགས་པའི་འགན་འཛིན་གྱི་སྐྱབས་བཅོལ་ལག་དེབ་ཀྱི་ངོ་བཤུས་འབུལ་དགོས། ༽
མཐའ་མའི་འདེམས་སྒྲུག་བརྒྱ་ཆ་གནང་ཕྱོགས།
- ལས་འཆར་གྱི་བཟོ་སྒྲིག་སྤུས་ཚད། བརྒྱ་ཆ་ ༣༠།
- འདྲི་གླེང་། བརྒྱ་ཆ་ ༧༠།
འདེམས་སྒྲུག་བརྒྱུད་རིམ།
- འདེམས་སྒྲུག་ཚོགས་ཆུང་ནས་ལས་འཆར་ཡིག་ཆ་ཁག་ལ་གཟིགས་ཞིབ་ཀྱིས་འདེམས་སྒྲུག་དང་པོ་བྱ་རྒྱུ།
- འདེམས་ཐོན་བྱུང་བའི་སྙན་འབུལ་བ་རྣམས་ལ་འདྲི་གླེང་། དེ་ཡང་དྷ་ས་ཉེ་འཁྲིས་སུ་ཡོད་པའི་སྙན་འབུལ་བ་རྣམས་ལ་ངོ་འཕྲད་འདྲི་གླེང་དང་། སྙན་འབུལ་བ་གཞན་རྣམས་ལ་དྲ་རྒྱ་བརྒྱུད་ (Video calling) འདྲི་གླེང་བྱ་རྒྱུ།
ཐུགས་སྣང་། གོང་འཁོད་དགོས་ངེས་ཡིག་ཆ་ཁག་གི་ངོ་བཤུས་སྟེང་བོད་མིའི་སྒྲིག་འཛུགས་ཀྱི་ཟུང་དྲུང་ཡན་ནམ། ས་གནས་འགོ་འཛིན་སུ་རུང་གི་དག་མཆན་ལས་དམ་ངེས་པར་དུ་འགོད་དགོས།
ཞུ་སྙན་འབུལ་ཡུལ།
Department of Religion and Culture, CTA
GangchenKyishong, Dharamsala -176215
Kangra District (H.P), India
Email: [email protected]
Phone: 01892-226737 / 222685
Concerned staff mobile no. 9816743672 / 8296450233