༄༅། །འདི་གར་ལྡི་ལི་བོད་སྒར་བསམ་ཡས་གླིང་ས་གནས་འགོ་འཛིན་ལས་ཁུངས་ནས་བཏང་གནས་ནང་འཁོད་དོན། བོད་རྒྱལ་ལོ་ ༢༡༥༠ རབ་གནས་ཆུ་ཡོས་ལོའི་བོད་ཟླ་ ༡ ཚེས་ ༤ ཉིན་ལྡི་ལི་བོད་སྒར་བསམ་ཡས་གླིང་དུ་ལྡི་ལི་སྐུ་ཚབ་དོན་ཁང་དང་། ལྡི་ལི་བོད་སྒར་བསམ་ཡས་གླིང་ས་གནས་འགོ་འཛིན་ལས་ཁུངས། བརྒྱ་འཐུས་ལས་ཁུངས་བཅས་ཐུན་མོང་ནས་བོད་ཀྱི་ལོ་གསར་ (Trans Himalayan Festival) ཞེས་པ་སྲུང་བརྩི་ཞུས་པར་སྐུ་མགྲོན་གཙོ་བོ་རྒྱ་གར་དབུས་གཞུང་གི་ཁྲིམས་ཀྱི་བློན་ཆེན་སྐུ་ཞབས་ཀི་རེ
དེ་ཡང་མཛད་སྒོའི་ཐོག་མར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་པར་མཐོང་གྲོལ་རིན་པོ་ཆེ་གདན་ཞུས་ཀྱི་བཞུགས་ཁྲིར་འཁོད་མཚམས་སྐུ་མགྲོན་རྣམ་པས་རིམ་བཞིན་མཇལ་ཁ་ཞུས། དེ་ནས་སྐུ་མགྲོན་གཙོ་བོ་མཆོག་དང་། དམིགས་བསལ་སྐུ་མགྲོན་རྣམས་ནས་སྣང་གསལ་མར་མེ་ཞལ་ཕྱེ་གནང་གྲུབ་མཚམས་འཕགས་བོད་གཉིས་ཀྱི་རྒྱལ་གླུ་འབུལ། དེ་ནས་གསོལ་ཇ་འབྲས་བསིལ་འདེགས་འབུལ་དང་རིམ་བཞིན་སྐུ་མགྲོན་རྣམས་ནས་གསུང་བཤད་གནང་ཡོད།
སྐུ་མགྲོན་གཙོ་བོ་མཆོག་གིས་བོད་མི་ཡོངས་ལ་ལོ་གསར་གྱི་འཚམས་འདྲི་དང་སྦྲགས་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ཡང་དག་པའི་དབུ་ཁྲིད་འོག་བོད་མི་རྣམས་ཡ་རབས་བཟང་སྤྱོད་ལྡན་པ་དང་། ཡུལ་ལུང་གང་དུ་གནས་ཀྱི་ཡོད་ནའང་ཡུལ་ཁྲིམས་ལ་རྩི་སྲུང་ཞུ་མཁན་ཞིག་ཡིན་པ་དང་། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་འཚེ་མེད་ཞི་བདེའི་ལམ་སྟོན་གནང་དང་གནང་མུས་ལ་འཛམ་གླིང་ཁྱོན་ཡོངས་སུ་བསྔགས་བརྗོད་དང་། མི་ཁྲི་ཚོ་མང་པོར་སེམས་ངལ་ལས་གྲོལ་ཐུབ་པ་ཡོང་གི་ཡོད་པ་སོགས་ཀྱི་གསུང་བཤད་གནང་།
དེ་རྗེས་དམིགས་བསལ་སྐུ་མགྲོན་༸སྐྱབས་རྗེ་གླིང་མཆོག་སྤྲུལ་རིན་པོ་ཆེ་མཆོག་གིས་ལོ་གསར་གྱི་འཚམས་འདྲི་དང་འབྲེལ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་འདི་ཕྱིའི་སྐྱབས་གནས་དམ་པ་ཡིན་སྟབས། མགོན་པོ་གང་ཉིད་ཀྱི་ཡང་དག་པའི་དབུ་ཁྲིད་འོག་བོད་མི་རྣམས་ཤར་བསྐྱོད་དགོས་པ་དང་། ཁོང་གི་བཀའ་དགོངས་རྣམས་བློར་བཅངས་ནས་སོ་སོའི་ཉིན་རེའི་མི་ཚེ་ནང་དེ་དག་ལག་བསྟར་ཐུབ་པ་དགོས་རྒྱུ་ཧ་ཅང་གལ་ཆེན་པོ་ཡིན་པ་སོགས་ཀྱི་གསུང་བཤད་གནང་།
དེ་བཞིན་སྲིད་ཚབ་བདེ་སྲུང་བཀའ་བློན་རྒྱ་རི་སྒྲོལ་མ་མཆོག་གིས་ཀྱང་ལོ་གསར་ལ་འཚམས་འདྲི་དང་། རྒྱ་གར་དབུས་གཞུང་ནས་བཙན་བྱོལ་བོད་མིར་མཐུན་རྐྱེན་སྦྱོར་སྤྲོད་བྱེད་ཕྱོགས་ཀྱི་སྲིད་བྱུས་ ༢༠༡༤ ཞེས་པ་གཏན་འབེབས་གནང་སྐབས་སྐུ་ཞབས་ཀི་རེ
ཕྱོགས་མཚུངས་རྒྱ་གར་བོད་དོན་རྒྱབ་སྐྱོར་ཚོགས་པ་ཆེ་གྲས་ཀྱི་གཙོ་འཛིན་ཨིན་དི་རེ་ཤི་ཀུ་མཱར་ལགས་དང་། དབུས་གྲངས་ཉུང་མི་རིགས་ཚོགས་ཆུང་གི་ཚོགས་མི་ལྕམ་སྐུ་རིན་ཆེན་ལྷ་མོ་ལགས་ཀྱིས་ཀྱང་ལོ་གསར་ལ་འཚམས་འདྲི་དང་བོད་མི་ཡོངས་ལ་རྒྱ་གར་དབུས་སའི་གཞུང་ནས་མཐུན་འགྱུར་རོགས་རམ་གནང་བར་ཐུགས་རྗེ་ཆེ་ཞུས་པ་དང་ཆབས་ཅིག་བོད་མིར་མཐུན་འགྱུར་ཞུ་དགོས་མཆིས་ཚེ་རྒྱབ་སྐྱོར་གནང་རྒྱུའི་ཞལ་བཞེས་དང་ཆོད་སེམས་བརྟན་པོ་ཡོད་པ་སོགས་ཀྱི་གསུང་བཤད་གནང་ཡོད།
ཕྱོགས་མཚུངས་ལྡི་ལི་སྐུ་ཚབ་དོན་གཅོད་སྤྱི་ཟུར་བློ་བཟང་ཤསྟྲི་ལགས་ཀྱིས་ལོ་གསར་འཚམས་འདྲི་དང་། བོད་མི་ཡོངས་ཀྱི་མགོན་སྐྱབས་དང་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་༸རྒྱལ་བའི་དབང་པོ་ཐམས་ཅད་མཁྱེན་ཅིང་གཟིགས་པ་ཆེན་པོ་མཆོག་སྐུ་ཚེ་ཡུན་གནས་དང་། མགོན་པོ་གང་ཉིད་མཆོག་གི་ཐུགས་དགོངས་མཐའ་དག་འགེགས་མེད་ལྷུན་གྲུབ་ཡོང་བ། ལོ་འདིའི་ནང་བོད་མི་རྣམས་འཆམ་མཐུན་ནད་མེད་ཚེ་རིང་དང་། བྱ་བ་ལམ་ལྷོང་ཡོང་བའི་སྨོན་འདུན་སོགས་ཀྱི་གསུང་བཤད་གནངགྲུབ་མཚམས་རྟེན་འབྱུང་གི་རྐང་བྲོ་གླུ་གཞས་ཁག་གཅིག་གཟིགས་འབུལ་གྱིས་མཛད་སྒོ་གྲུབ་ཡོད་པ་བཅས། །
ལྡི་ལི་བོད་སྒར་བསམ་ཡས་གླིང་དུ་བོད་ཀྱི་ལོ་གསར་སྲུང་བརྩི་གཟབ་རྒྱས་ཞུས་པ།
གསར་གནས།

འབྲེལ་གནས།
