༄༅། །ཕྱི་ལོ་ ༢༠༢༣ ཟླ་བ་ ༢ ཚེས་ ༡༤ དང་ ༡༥ ཉིན་ཨོསྟྲེ་ལི་ཡཱ་སྐུ་ཚབ་དོན་ཁང་དང་། ཨོ་སྟྲེ་ལི་ཡཱ་བོད་དོན་ལྷན་ཚོགས་ (Australian Tibet Council) ཞེས་པའི་བོད་དོན་རྒྱབ་སྐྱོར་ཚོགས་པ་གཉིས་ཟུང་འབྲེལ་ཐོག་ཨོསྟྲེ་ལི་ཡའི་གྲོས་ཚོགས་འཚོགས་བཞིན་པ་དང་བསྟུན་ཨོསྟྲེ་ལི་ཡཱ་གྲོས་ཚོགས་ཀྱི་ཕྱི་འབྲེལ་ལས་དོན། བདེ་སྲུང་དང་ཚོང་ལས། དེ་བཞིན་འགྲོ་བ་མིའི་ཐོབ་ཐང་རྟོག་ཞིབ་ཚོགས་ཆུང་བཅས་ཀྱི་ཚོགས་མི་དང་མཇལ་འཕྲད་ཀྱིས་བོད་དོན་ཞུ་གཏུག་གནང་ཡོད།
དེ་ཡང་ཨོསྟྲེ་ལི་ཡཱ་སྐུ་ཚབ་དོན་གཅོད་ཀརྨ་སེངྒེ་ལགས་དང་ཨོ་སྟྲེ་ལི་ཡཱ་བོད་དོན་ལྷན་ཚོགས་ཀྱི་འགན་འཛིན་ལྷན་ཚོགས་ཀྱི་ཚོགས་གཙོ་ཛོ་བྷེ་ཌི་ཧྥོར་ཌི་ (Dr. Zoe Bedford) ལགས་གཉིས་ཀྱིས་གྲོས་ཚོགས་འཐུས་མི་མ་རི་ཡཱ་ (Maria Vamvakinou) ལགས་དང་། གྲོས་ཚོགས་གོང་མའི་འཐུས་མི་ལིན་ཌཱ་རེ་ནོལཌ་ (Linda Reynolds) ལགས། གྲོས་ཚོགས་འཐུས་མི་པི་ཌར་ཁ་ལིལ་ (Peter Khalil) ལགས། གྲོས་ཚོགས་གོང་མའི་འཐུས་མི་ཌེ་ཝིཊ་ (David Fawcett) ལགས་ཀྱི་ལས་བྱེད་ཇེ་ན་ཨིས་མེག་ཤེན་ (Janice McShane) ལགས་བཅས་དང་མཇལ་འཕྲད་གནང་ཡོད་པ་མ་ཟད། ཨོསྟྲེ་ལི་ཡཱ་གྲོས་ཚོགས་འཐུས་མི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཟུང་སྦྲེལ་ཚོགས་གཙོ་ཝེ་རན་ཨི་ཅ་ (Warren Entsch) ལགས་དང་སུ་སཱན་ཀྲེམ་པེ་ལི་མེན་ ( Susan Templeman) ལགས། ཇ་ནི་ཊི་ར་
ཚོགས་འདུའི་སྐབས་གྲོས་ཚོགས་འཐུས་མི་རྣམས་ལ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་འབྲེལ་བའི་ཕྱག་དེབ་དང་། སྐུ་ཞབས་མེ་ཀལ་ཝན་ལྦལ་ཊ་པཱ་རག་ལགས་ཀྱིས་བརྩམས་པའི་བོད་ཀྱི་གནས་ཚུལ་གནད་བསྡུས་ཞེས་པའི་དཔེ་དེབ་ཕུལ་གནང་ཡོད། །