སི་པན་གྱི་གྲོས་ཚོགས་གོང་མའི་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པ་དེ་ནི་གཙོ་བོ་སི་པན་གྱི་གྲོས་ཚོགས་གོང་མའི་འཐུས་མི་སྐུ་ཞབས་རོ་བྷར་ཊི་(Robert Masih Nahar) མཆོག་ན་ནིང་ལོར་ཨ་རིའི་རྒྱལ་ས་ཝ་ཤིན་ཌོན་དུ་རྒྱལ་སྤྱིའི་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་ཆེན་ཐེངས་བརྒྱད་པ་ཚོགས་སྐབས་མཉམ་ཞུགས་གནང་རྗེས་བྱུང་བ་ཞིག་ཡིན་ལ། རྒྱལ་སྤྱིའི་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་ཆེན་ཐེངས་བརྒྱད་པ་མཇུག་བསྒྲིལ་བ་ནས་བཟུང་སྦེལ་ཇམ་སྐུ་ཚབ་དོན་གཅོད་ཁང་གིས་སྐུ་ཞབས་རོ་བྷར་ཊི་(Robert Masih Nahar) མཆོག་ལ་འབྲེལ་བ་མུ་མཐུད་གནང་དང་གནང་བཞིན་ཡོད་པ་བཅས།།