༄༅། །འདི་གར་ཚོགས་དྲུང་ལས་ཁུངས་ནས་བཏང་གནས་ནང་འཁོད་དོན། བོད་མིའི་སྒྲིག་འཛུགས་ཀྱི་ལས་ ཁུངས་མ་ལག་ཁྱབ་ཁོངས་དང་བཅས་པའི་ ལོ་འཁོར་སྔོན་རྩིས་འཆར་གཞིར་བོ ད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི ་ཚོད་དཔག་འཆར་རྩིས་ཚོགས་ཆུང་ཆེ ད་འཛུགས་ཐོག་ཞིབ་འཇུག་ནན་ཏན་གྱི ས་གྲོས་ཚོགས་སུ་གྲུབ་དོན་སྙན་ཐོ ་འབུལ་ལམ་ཞུ་སྲོལ་ཡོད་པ་ལྟར། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ ཀྱི་ཚོགས་འདུའི་འགྲོ་ལུགས་དང་། ལས་དོན་བྱེད་ཕྱོགས་ཀྱི་སྒྲིག་ གཞི། དོན་ཚན་རེ་དྲུག་པ། ལོ་འཁོར་སྔོན་རྩིས་འཆར་འབུལ་དང་ ། སྔོན་རྩིས་ཚོད་དཔག་འཆར་རྩིས་ཆོ གས་ཆུང་ཞེས་པའི་ནང་གསེས་ ༡ “བོད་མིའི་སྒྲིག་འཛུགས་ཀྱི་ལས་ ཁུངས་མ་ལག་ཡོངས་རྫོགས་ཀྱི་སྔོན་ རྩིས་འཆར་ལོའི་ཡོང་འབབ་དང་། འགྲོ་སོང་ཇི་ཡོད་ཟུར་འཇོག་བཅས་ འཚེམས་ལུས་མེད་པའི་ལོ་འཁོར་སྔོ ན་རྩིས་འགོད་འབུལ་བྱུང་བ་གྲོས་ ཚོགས་སུ་བཀའ་འཁྲོལ་གོ་བསྡུར་ཆེ ད་སྔོན་རྩིས་ཚོད་དཔག་འཆར་རྩིས་ ཚོགས་ཆུང་ཞིག་ཚོགས་གཙོ་སྦྲེལ་པོ ས་ཚོགས་མི་ཇི་དགོས་དམིགས་འཛུགས་ ཀྱིས་བསྐོ་གཞག་བྱ་དགོས། དེའི་དུས་ཡུན་ཚོགས་གཙོ་སྦྲེལ་པོ ས་གཏན་འབེབས་ཇི་བྱས་ལྟར་ཡིན།” ཞེས་པའི་དགོངས་དོན་གཞིར་བཟུང་། དཔལ་ལྡན་ཚོགས་གཙོ་སྦྲེལ་པོ་མཆོ ག་གིས་རྩིས་ལོ་ ༢༠༢༣་་་༢༤ ལོའི་སྔོན་རྩིས་ཚོད་དཔག་འཆར་རྩི ས་ཚོགས་ཆུང་གི་མི་འགྲོར་སྤྱི་ འཐུས་དབུ་དཀར་ཚང་གཡུ་སྒྲོན་ལགས་དང་། སྤྱི་འཐུས་ཚེ་རིང་ལྷ་མོ་ལགས། སྤྱི་འཐུས་དགེ་བཤེས་ཨ་ཀྲོང་རིན་ ཆེན་རྒྱལ་མཚན་ལགས། སྤྱི་འཐུས་ཚེ་རིང་དབྱངས་ཅན་ལགས། སྤྱི་འཐུས་རྒྱལ་ལྡོང་ཕུར་པ་རྡོ་ རྗེ་ལགས་བཅས་བསྐོ་འཛུགས་གནང་བ་ བཞིན། དེ་རིང་ཕྱི་ལོ་ ༢༠༢༣ ཟླ་ ༢ ཚེས་ ༢༧ ཉིན་གྱི་སྔ་དྲོ་ཆུ་ཚོད་ ༩།༣༠ ཙམ་གྱི་ཐོག་སྤྱི་འཐུས་རྣམ་པ་ལྷ ན་འཛོམས་གནང་སྟེ། ཚོགས་ཆུང་གི་ཚོགས་གཙོ་དང་ཚོགས་ དྲུང་བསྐོ་གཞག་གནང་རྒྱུ་གནང་བར། ཚོགས་ཆུང་གི་ཚོགས་གཙོར་སྤྱི་འཐུ ས་དབུ་དཀར་ཚང་གཡུ་སྒྲོན་ལགས་ དང་། ཚོགས་དྲུང་སྤྱི་འཐུས་ཚེ་རིང་ལྷ་ མོ་ལགས་བཅས་སྤྱི་མོས་ཐོག་ཐུགས་ གཏན་ཁེལ་གནང་ཡོད།
དེ་རྗེས་ཚོགས་ཆུང་གི་ཚོགས་མི་རྣ མས་ཚོགས་གཙོའི་ལས་ཁུངས་སུ་དཔལ་ ལྡན་ཚོགས་སྦྲེལ་པོ་མཆོག་གི་སར་ ཆེད་བཅར་གྱིས་ལས་དོན་དང་འབྲེལ་ བའི་ལམ་སྟོན་ཁག་ཞུས་རྗེས་དངོས་ སུ་ལས་དོན་དབུ་འཛུགས་གནང་ཡོད།