༄༅། །འདི་གར་མན་སྤར་ཕན་བདེ་གླིང་ས་གནས་འགོ་འཛིན་ལས་ཁུངས་ནས་བཏང་གནས་ནང་འཁོད་དོན། ཕྱི་ལོ་ ༢༠༢༣ ཟླ་བ་ ༢ ཚེས་ ༡༤ ནས་ ༡༦ བར་མན་སྤར་ཕན་བདེ་གླིང་བོད་མིའི་གཞིས་ཆགས་ཀྱི་ཉེ་འགྲམ་དུ་མངའ་སྡེ་གཞུང་གི་ཡུལ་སྐོར་སྤྲོ་འཆམ་དགའ་སྟོན་ (Carnival festival) ཞེས་པ་གོ་སྒྲིག་ཞུས་པས་ཉིན་མཐའ་མའི་སྐུ་མགྲོན་གཙོ་བོར་མངའ་སྡེའི་འཕྲོད་བསྟེན་བློན་ཆེན་སྐུ་ཞབས་ཌི་ཨེས་སིངྒ་དེ་བོ་ (T.S. Singh Deo (Health Minister, C.G) མཆོག་ཆེད་ཕེབས་སྐབས་མན་སྤར་ས་གནས་འགོ་འཛིན་ལས་ཁུངས་ཀྱི་ལས་དྲུང་དང་ས་འཐུས་ཚོགས་གཙོ། མཉམ་འབྲེལ་དྲུང་ཆེ་བཅས་ནས་སྣེ་ལེན་གཟབ་རྒྱས་ཞུས་པ་འབྲེལ་བློན་ཆེན་མཆོག་ལ་མན་སྤར་ས་གནས་སུ་བཙན་བྱོལ་བོད་མིའི་མཐུན་རྐྱེན་སྦྱོར་སྤྲོད་བྱེད་ཕྱོགས་ཀྱི་སྲིད་བྱུས་ ༢༠༡༤ གང་མགྱོགས་ལག་བསྟར་ཡོང་སླད་མཐུན་འགྱུར་རོགས་སྐྱོར་ཡོང་བའི་ཡིག་ཐོག་ཞུ་སྙན་ཕུལ་ཡོད་པ་བཅས། །
གསར་གནས།
འབྲེལ་གནས།