༄༅། །ཕྱི་ལོ་ ༢༠༢༣ ཟླ་བ་ ༢ ཚེས་ ༡༦ རེས་གཟའ་ཕུར་བུ་ཉིན་བོད་མིའི་སྒྲིག་འཛུགས་ཀྱི་བདེ་སྲུང་བཀའ་བློན་རྒྱ་རི་སྒྲོལ་མ་མཆོག་བཀའ་ཤག་གི་སྐུ་ཚབ་ཏུ་རྒྱ་གར་བྱང་ཕྱོགས་སྡེ་ར་ལྡུན་མན་ཌུ་ཝ་ལ་བོད་མིའི་གཞིས་ཆགས་སུ་རྟེན་གཞི་བྱས་པའི་གདན་ས་ཆེན་མོ་ངོར་དཔལ་ཨེ་ཝཾ་ཆོས་ལྡན་དུ་༧སྐྱབས་མཆོག་ངོར་ཀླུ་ལྡིང་མཁན་ཆེན་མཆོག་གི་སྐུ་གདུང་ཞུགས་འབུལ་དུ་ངོ་བཅར་ཞུས་
དེ་ཡང་༧སྐྱབས་མཆོག་ངོར་ཀླུ་ལྡིང་མཁན་ཆེན་མཆོག་ཕྱི་ལོ་ ༢༠༢༢ ཟླ་བ་ ༡༢ ཚེས་ ༢༨ ཉིན་གནས་མཆོག་རྡོར་གདན་གྱི་ངོར་ཀླུ་ལྡིང་བླ་བྲང་དུ་དགོངས་པ་ཆོས་དབྱིངས་སུ་ཐིམ་སྟེ་སྐུ་གདུང་རིན་པོ་ཆེ་གདན་སར་གདན་འདྲེན་ཞུས་རྗེས་དགོངས་རྫོགས་མཆོད་འབུལ་གནང་བ་དང་། ཕྱི་ལོ་ ༢༠༢༣ ཟླ་བ་ ༢ ཚེས་ ༡༦ ཉིན་སྡེ་ར་ལྡུན་མན་ཌུ་ཝ་ལ་བོད་མིའི་གཞིས་ཆགས་སུ་རྟེན་གཞི་བྱས་པའི་གང་ཉིད་མཆོག་གི་གདན་ས་ཆེན་མོ་ངོར་དཔལ་ཨེ་ཝཾ་ཆོས་ལྡན་དུ་སྐུ་གདུང་ཞུགས་འབུལ་གནང་ཡོད་པ་བཅས། །