༄༅། །ཕྱི་ལོ་ ༢༠༢༣ ཟླ་བ་ ༠༢ ཚེས་ ༠༧ ཉིན་ཀོ་ལི་གྷལ་དོན་ལྡན་གླིང་གི་ས་གནས་འགོ་འཛིན་དགེ་ལེགས་འབྱུང་གནས་ལགས་ཀྱིས་གཙོས་ས་གནས་ཀྱི་གཞུང་དང་གཞུང་ཁོངས་མིན་པའི་ཚོགས་སྡེ་ཁག་གི་སྐུ་ཚབ་རྣམས་ནས་ཅམ་རཇ་ནཱ་གར་གྱི་རྫོང་དཔོན་གཞོན་པ་སྐུ་ཞབས་ར་མེཤ་ (Ramesh D.S.) ལགས་དོན་ལྡན་གླིང་བོད་མིའི་གཞིས་ཆགས་སུ་ཕེབས་བསུའི་སྣེ་ལེན་ཞུས་ཡོད་པ་རེད།
སྐབས་དེར་རྫོང་དཔོན་གཞོན་པས་ས་གནས་བོད་མིའི་ཡོང་འབབ་དང་། དཀའ་ངལ། འཚོ་བ་སྐྱེལ་སྟངས་སྐོར་རྒྱུས་ལོན་གནང་བ་མ་ཟད། ས་གནས་ཀྱི་དགོན་པར་ཆེད་ཕེབས་ཀྱིས་ཆོས་ཕྱོགས་ཀྱི་ཆོ་ག་ཕྱག་ལེན་ལ་གཟིགས་ཞིབ་དང་ནང་ཆོས་སྐོར་རྒྱུས་ལོན་གནང་ཡོད། གཟིགས་སྐོར་གྲུབ་མཚམས་ཁོང་གིས་བོད་མི་རྣམས་ལ་མཐུན་འགྱུར་གང་ཐུབ་གནང་རྒྱུའི་ཞལ་བཞེས་དང་སླད་མར་བསྐྱར་དུ་གཞིས་ཆགས་སུ་ཕེབས་རྒྱུ་ཡིན་སྐོར་གསུངས་ཡོད་པ་བཅས།།