༄༅། །འདི་གར་བལ་ཡུལ་དོན་གཅོད་ལས་ཁུངས་ནས་བཏང་གནས་ནང་འཁོད་དོན། ཕྱི་ལོ་ ༢༠༢༢ ཟླ་ ༡༢ ཚེས་ ༣༠ རེས་གཟའ་པ་སངས་ཉིན་གནས་མཆོག་རྡོ་རྗེ་གདན་གྱི་རྣམ་རྒྱལ་གྲྭ་ཚང་༸རྒྱལ་བའི་ཕོ་བྲང་གི་གཟིམ་ཆུང་དུ་བལ་ཡུལ་སྐུ་ཚབ་དོན་གཅོད་གསར་པ་རྩིབས་རི་ལོ་པཎ་སྤྲུལ་སྐུ་ངག་དབང་མཆོག་གྲུབ་ལགས་ལ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ཞལ་སྔ་ནས་དམིགས་བསལ་གཟིམ་ཆུང་མཇལ་ཁ་བསྐལ་བཟང་ཐོབ་ཅིང་། སྐབས་དེར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་གི་ཞལ་སྔ་ནས་ཧུར་ཐག་བྱོས་ཤོག་ཨང་། བྱེད་ཀྱང་བྱེད་ཀྱི་རེད། ད་དུང་ཧུར་ཐག་བྱོས་ཤོག་ཨང་ཞེས་ཕྱག་གཡས་པ་སྤྱི་བོར་བྱིལ་བྱིལ་ཡུན་རིང་གནང་། དེ་ནས་སྙན་སེང་སྒྲོན་དགོས་པ་ཁག་དང་ཆབས་ཅིག་དོན་གཅོད་ལས་ཐོག་པས་དེ་སྔ་ནས་བྲིས་རྩོམ་གནང་བའི་ཧི་མ་ལ་ཡའི་མི་རིགས་ཀྱི་ལོ་རྒྱུས་དང་། གཞན་ལོ་རྒྱུས་དེབ་གསར་རྣམས་ཀྱང་པར་ཕུད་ཀྱི་ཚུལ་དུ་ཕུལ་ཡོད་པ་བཅས། །
གསར་གནས།
འབྲེལ་གནས།