༄༅། །འདི་གར་ཆེས་མཐོའི་ཁྲིམས་ཞིབ་ཁང་ནས་བཏང་གནས་ནང་འཁོད་དོན། དབུས་འོས་བསྡུ་ལས་ཁང་ནས་བལ་ཡུལ་མཆོད་འཇོར་གྱི་ས་འཐུས་སྐབས་ ༡༠ པའི་འདེམས་ཐོན་ཚོགས་མི་རྣམས་ཀྱི་ལས་འཁུར་དམ་འབུལ་གྱི་ཞུ་སྐུལ་འབྱོར་དོན་ལྟར། ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁྲིམས་ཞིབ་པ་ཆེ་བའི་ལས་ཚབ་ཀརྨ་དགྲ་འདུལ་མཆོག་གིས་བལ་ཡུལ་དོན་གཅོད་རྩིབས་རི་ལོ་པཎ་སྤྲུལ་སྐུ་ངག་དབང་མཆོག་གྲུབ་ལགས་འཕྲལ་སེལ་ས་གནས་ཁྲིམས་ཞིབ་པར་བསྐོ་གཞག་བགྱིས་ཏེ། ཕྱི་ལོ་ ༢༠༢༣ ཟླ་ ༡ ཚེས་ ༢༤ རེས་གཟའ་མིག་དམར་ཉིན་མཆོད་འཇོར་ས་གནས་འཐུས་ཚོགས་ཀྱི་ཚོགས་ཁང་དུ་སྔ་དྲོའི་ཆུ་ཚོད་ ༩༌༣༠ ཐོག་ས་འཐུས་སྐབས་ ༡༠ པའི་འདེམས་ཐོན་ས་འཐུས་ཚོགས་མི་ ༡༥ ཡོངས་རྫོགས་དང་། དེ་དག་གི་ཁོངས་ནས་ཚོགས་གཙོར་སྐལ་བཟང་དོན་གྲུབ་ལགས་དང་ཚོགས་གཞོན་དུ་བསྟན་འཛིན་ལགས་བཅས་ཀྱིས་འཕྲལ་སེལ་ས་གནས་ཁྲིམས་ཞིབ་པའི་མདུན་དུ་ལས་འཁུར་དམ་བཅའ་འབུལ་བཞེས་གནང་འདུག་པའི་གནས་ཚུལ་དུ། །
གསར་གནས།
འབྲེལ་གནས།