༄༅། །བོད་མིའི་སྒྲིག་འཛུགས་འཕྲོད་བསྟེན་ལས་ཁུངས་ནས་ཕྱི་ལོ་ ༢༠༢༣་་་༢༤ ལོའི་བཙན་བྱོལ་བོད་མིའི་སྨན་བཅོས་ལྟ་སྐྱོང་ལས་གཞིར་འཛུལ་ཞུགས་ཆེད་མིང་ཐོ་དེབ་འགོད་ཕྱི་ལོ་ ༢༠༢༣ ཟླ་བ་ ༠༡ ཚེས་ ༠༡ ནས་དབུ་འཛུགས་གནང་ཡོད་པ་ལྟར་བཙན་བྱོལ་བོད་མི་སུ་རུང་ལས་གཞིར་འཛུལ་འདོད་ཡོད་རིགས་ནས་ཁྱབ་ཁོངས་ས་གནས་འགོ་འཛིན་ལས་ཁུངས་དང་ས་གནས་འཕྲོད་བསྟེན་སྨན་ཁང་ནས་དེབ་སྐྱེལ་གནང་འཐུས། དེབ་སྐྱེལ་ཆེད་དོ་བདག་གི་དཔྱ་དེབ་དང་ཕྱེད་པར་ཞིག་དགོས། ཐེངས་འདིར་བཙན་བྱོལ་བོད་མིའི་སྨན་བཅོས་ལྟ་སྐྱོང་ལས་གཞིའི་དུད་ཚང་གཅིག་གི་ཁེ་ཡོད་སྨན་དོད་ཧིན་སྒོར་ ༡༢༠༠༠༠ ནས་ཧིན་སྒོར་ ༡༥༠༠༠༠ སྤར་ཆ་ཞུས་ཡོད་པ་དང་། སྒེར་གྱི་ཁེ་ཡོད་སྨན་དོད་ཧིན་སྒོར་ ༦༠༠༠༠ ནས་ ༧༥༠༠༠ སྤར་ཆ་ཞུས་ཡོད།
གྲྭ་བཙུན་དང་། དམིགས་བསལ་དགོས་མཁོ་ཅན་གྱི་ནང་མི། ཕྱི་ལོ་ ༡༩༩༤ ནས་བོད་ནས་གསར་དུ་འབྱོར་བ། དེ་བཞིན་འཁོས་ཞན་རྣམས་ལ་ལོ་རེའི་བཙན་བྱོལ་བོད་མིའི་སྨན་བཅོས་ལྟ་སྐྱོང་ལས་གཞིའི་ཚོགས་དངུལ་ལ་དམིགས་བསལ་དགོངས་བཞེས་གནང་རྒྱུ་ཡིན།
ཁེ་ཡོད་དུས་ཡུན་ཕྱི་ལོ་ ༢༠༢༣ ཟླ་བ་ ༠༤ ཚེས་ ༠༡ ནས་ཕྱི་ལོ་ ༢༠༢༤ ཟླ་བ་ ༠༣ ཚེས་ ༣༡ བར་ལོ་གཅིག་རིང་ཡིན་ཞིང་། དེ་ཉིད་ལོ་ལྟར་དུས་འགྱངས་ཞུ་འཐུས། འདི་ལོར་བཙན་བྱོལ་བོད་མིའི་སྨན་བཅོས་ལྟ་སྐྱོང་ལས་གཞིའི་ཁོངས་ཏོག་དབྱིབས་གཉན་རིམས་དང་ཕྲུ་གུ་མ་འབྱར་སོགས་ལ་དམིགས་ཏེ་འཕྲོད་བསྟེན་ཁེ་ཕན་གསར་པ་ཁག་གཅིག་དབུ་འཛུགས་ཞུས་ཡོད་པ་བཅས།།