༄༅། །བོད་མིའི་སྒྲིག་འཛུགས་ཤེས་རིག་ལས་ཁུངས་ནས་ལོ་བཅུའི་གོང་གི་ཤེས་རིག་སློབ་ཡོན་གཏན་འབེབས་གནང་བ་དེ་ཉིད་ད་ཆ་དགོས་མཁོའི་འགྱུར་བཅོས་གནང་དགོས་པ་ལ་གཟིགས་ཏེ། འདི་ལོ་དཔལ་ལྡན་བཀའ་ཤག་ནས་ད་ལྟའི་རྒྱ་བལ་འབྲུག་གསུམ་ནང་གི་གཙུག་ལག་སློབ་ཁང་དང་། མཐོ་རིམ་སློབ་ཁག་གི་སློབ་གྲོན་སྒྲོམ་གཞི་དང་། ད་ལྟའི་བཙན་བྱོལ་བོད་མིའི་སྤྱི་ཚོགས་ཀྱི་དགོས་མཁོ་དང་བསྟུན་ནས་སློབ་ཡོན་སྒྲིག་གཞི་བསྐྱར་བཅོས་ཀྱི་སློབ་ཡོན་འཆར་གཞི་གསར་པ་གཏན་འབེབས་གནང་ཡོད། དེ་ཡང་སློབ་ཡོན་འཆར་གཞི་གསར་པའི་ཁྱབ་ཁོངས་སུ་གཏོགས་པའི་སློབ་ཡོན་གཙོ་གྲས་གསུམ་ནི།
༡། ཕུལ་བྱུང་སློབ་ཡོན།
༢། རོགས་སྐྱོར་སློབ་ཡོན།
༣། ཁ་གསབ་སློབ་ཡོན།
གཤམ་འོག་གི་གསང་ཐིག་ལ་བཤེར་འབེབས་བགྱིས་ཏེ་ཤེས་རིག་སློབ་ཡོན་བསྐྱར་བཅོས་སྒྲིག་གཞི་དེ་ཉིད་ཕབ་ལེན་གནང་ཐུབ་པ་བཅས། ཤེས་རིག་ལས་ཁུངས་ནས་ཕྱི་ལོ་ ༢༠༢༣ ཟླ་ ༡ ཚེས་ ༣༠ ལ།