༄༅། །ཕྱི་ལོ་ ༢༠༢༣ ཟླ་བ་ ༡ ཚེས་ ༢༧ ཉིན་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་ཨ་རུ་ན་ཅལ་མངའ་སྡེ་གཞུང་གི་ཆོས་རིག་ལྷན་ཁང་གི་ཚོགས་གཙོ་སྐུ་ཞབས་འཇམ་དཔལ་དབང་འདུས་ (Jambey Wangdi) ལགས་ལ་འཚམས་འདྲིའི་གསུང་འཕྲིན་ཞིག་གནང་བའི་ནང་འཁོད་དོན། ཉེ་ལམ་རྒྱ་གར་གཞུང་གིས་སྐུ་ཉིད་ཀྱི་ཕ་དམ་པ་དང་ཨ་རུ་ན་ཅལ་མངའ་སྡེའི་བློན་ཆེན་ཟུར་པ་སྐུ་ཞབས་ཀརྨ་དབང་ཕྱུག་ (Karma Wangchu) མཆོག་ལ་པདྨ་ཤྲཱི་གཟེངས་རྟགས་ (Padma Shri Award) གནང་བ་གོ་ཐོས་བྱུང་བས་ཧ་ཅང་དགའ་པོ་བྱུང་། ངས་བོད་མིའི་སྒྲིག་འཛུགས་དང་བོད་མི་མང་གི་ཚབ་ཞུས་ཏེ་སྐུ་ཉིད་ཀྱིས་གཙོས་ནང་མི་ལྷན་རྒྱས་དང་། ཨ་རུ་ན་ཅལ་མངའ་སྡེའི་མི་མང་བཅས་ལ་དགའ་བསུའི་འཚམས་འདྲི་ཞུ་རྒྱུ་ཡིན།
རྒྱ་གར་གཞུང་གིས་སྐུ་ཉིད་ཀྱི་ཕ་དམ་པས་གཟེངས་སུ་ཐོན་པའི་མཛད་རྗེས་དང་ཞབས་འདེགས་བསྒྲུབས་གནང་བར་ངོས་འཛིན་དུ་པདྨ་ཤྲཱི་གཟེངས་རྟགས་གནང་བ་ནི་འོས་ཤིང་འཚམས་པ་ཡིན། སྐུ་ཉིད་ཀྱི་ཕ་དམ་པས་ཨ་རུ་ན་ཅལ་མངའ་སྡེའི་གཞུང་དང་མི་མང་ཡར་རྒྱས་གོང་འཕེལ་སླད་དུ་ཞབས་འདེགས་རླབས་ཆེན་བསྒྲུབས་གནང་སྟབས་རྒྱ་གར་རྒྱལ་ཡོངས་ནས་དམ་པ་ཁོང་ལ་ཆེ་བསྟོད་དང་རྗེས་སུ་ཡི་རང་ཞུ་གནང་གི་ཡོད་ལ། དེའི་དཔང་རྟགས་སུ་པདྨ་ཤྲཱི་གཟེངས་རྟགས་གནང་ཡོད།
དམ་པ་ཁོང་གིས་སྐུ་འཚོ་བཞུགས་རིང་བོད་མི་མང་དང་། ལྷག་པར་བོད་མིའི་བདེན་པའི་འཐབ་རྩོད་ཀྱི་ཆེད་དུ་གཡོ་བ་མེད་པར་རྒྱབ་སྐྱོར་གནང་ཡོད་པས། ང་ཚོས་བཀའ་དྲིན་ཤིན་ཏུ་ཆེ་ཞེས་ཞུ་རྒྱུ་ཡིན། གོ་སྐབས་འདི་བརྒྱུད་ངས་སླར་ཡང་བོད་མི་རྣམས་ཀྱི་ཚབ་ཞུས་ཏེ་འཚམས་འདྲི་ཞུ་རྒྱུ་ཡིན། ཞེས་འཁོད་ཡོད།སྤྱིར་ཨ་རུ་ན་ཅལ་མངའ་སྡེའི་བློན་ཆེན་ཟུར་པ་སྐུ་ཞབས་ཀརྨ་དབང་ཕྱུག་ལགས་ཀྱིས་