༄༅། །བོད་མིའི་སྒྲིག་འཛུགས་དཔལ་འབྱོར་ལས་ཁུངས་ཀྱི་ཁྱབ་འོག་གངས་སྐྱིད་ལས་བྱེད་གསོལ་ཁང་གི་ཡང་སྟེང་ཁང་ཁུངས་རྒྱ་ཁྱོན་ཕི་ཀྲི་གྲུ་བཞི་མ་ ༢༨༢༥༌༣༢ ཅན་ཆ་ཚང་ཇ་ཁང་ (Cafeteria) གི་ཆེད་སྤྱི་སྒེར་སུ་རུང་ལ་རིན་ཚད་འགྲན་བསྡུར་གྱི་ལམ་ནས་བོགས་གླར་གཏོང་རྒྱུ་ཡིན། བོགས་རིན་ཉུང་མཐར་ཟླ་རེར་ཧིན་སྒོར་ ༩༠༠༠༠ གཏན་འབེབས་ཞུས་ཡོད། བོགས་ལེན་འགྲན་བསྡུར་དུ་ཞུགས་བློ་ཡོད་རིགས་ནས་བོགས་གླ་འབུལ་འདོད་ཇི་ཡིན་རང་གི་འཚང་སྙན་དུ་བཀོད་དེ་དཔལ་འབྱོར་ལས་ཁུངས་སུ་ཕྱི་ལོ་ ༢༠༢༣ ཟླ་ ༢ ཚེས་ ༡༠ འགྱངས་མེད་འབུལ་ཟིན་དགོས།
དགོས་ངེས་ཆ་རྐྱེན་ཁག
༡། བཙན་བྱོལ་བོད་མིའི་དྭང་བླངས་དཔྱ་དངུལ་འབུལ་འབབ་གཙང་ཕུལ་ཟིན་པའི་ངོ་བཤུས་སྟེང་བོད་མིའི་སྒྲིག་འཛུགས་ཀྱི་ཟུང་དྲུང་གནས་རིམ་ཡན་ནམ་ས་གནས་འགོ་འཛིན་སུ་རུང་ནས་དག་མཆན་ལས་དམ་འགོད་དགོས།
༢། རྒྱ་གར་ནང་གནས་སྡོད་ཆོག་པའི་ལག་འཁྱེར་ངོ་བཤུས་སྟེང་བོད་མིའི་སྒྲིག་འཛུགས་ཀྱི་ཟུང་དྲུང་གནས་རིམ་ཡན་ནམ་ས་གནས་འགོ་འཛིན་སུ་རུང་ནས་དག་མཆན་ལས་དམ་འགོད་དགོས།
༣། ཁྱིམ་ཚང་གཅིག་ནས་མི་གཅིག་ལས་མང་བས་འཚང་སྙན་འབུལ་མི་ཆོག
༤། ཞིབ་ཕྲའི་ཆ་རྐྱེན་གཉིས་མོས་གན་ཡིག་འབྲུ་དོན་ལྟར་རྩ་འཛིན་ལག་བསྟར་ཞུ་དགོས།
ཁང་ཁུངས་རྣམས་ཀྱི་ཟླ་རེའི་བོགས་གླ་དམའ་མཐའི་ཚད་གཞི་གོང་གསལ་ལྟར་ཡིན། གཏའ་མ་ (EMD) སྒོར་ ༢༠,༠༠༠ འཇོག་དགོས་པ་དེ་ཇ་ཁང་འགྲན་བསྡུར་རྒྱལ་ཁ་ཐོབ་རྗེས་ཕྱིར་འཐེན་བྱས་ཚེ་ཕྱིར་སློག་བྱ་རྒྱུ་མིན་པ་དང་དེ་མིན་ཕྱིར་སློག་བྱ་རྒྱུ། འོན་ཀྱང་དོ་བདག་སོ་སོས་བོགས་རིན་འབུལ་འདོད་ཇི་ཡོད་དང་འབྲེལ་གཏུགས་ཁ་པར་ཨང་གྲངས་བཅས་འཚང་སྙན་དུ་བཀོད་དེ་ཡིག་སྐོགས་ཁ་སྦྱོར་ (Sealed Envelope) དཔལ་འབྱོར་ལས་ཁུངས་ཀྱི་དྲུང་ཆེའི་མཚན་ཐོག་དུས་བཀག་ནང་ཚུད་འབུལ་འབྱོར་ཟིན་པ་དགོས། འགྲན་བསྡུར་རྒྱལ་ཁ་ཐོབ་མཁན་མཉམ་བོགས་དུས་དང་ཆ་རྐྱེན་གཞན་འཁོད་པའི་གཉིས་མོས་གན་ཡིག་འཇོག་རྒྱུ་ཡིན་པ་བཅས་ཀྱི་གསལ་བསྒྲགས་སུ། དཔལ་འབྱོར་ལས་ཁུངས་ནས་ཕྱི་ལོ་ ༢༠༢༣ ཟླ་ ༡ ཚེས་ ༢༠ ལ།
The Secretary, Department of Finance, CTA,
Gangchen Kyishong, Dharamsala – 176215Kangra
Distt. Himachal Pradesh
Email:- [email protected] Phone:- 8988156537/9805035128