༄༅། །བོད་མིའི་སྒྲིག་འཛུགས་དཔལ་འབྱོར་ལས་ཁུངས་ཀྱི་ཁྱབ་འོག་གངས་སྐྱིད་ལས་བྱེད་གསོལ་ཁང་གི་ཡང་སྟེང་ཁང་ཁུངས་རྒྱ་ཁྱོན་ཕི་ཀྲི་གྲུ་བཞི་མ་ ༢༩༤ ཅན་གསུམ་ཡོད་པ་རྣམས་ཚོང་ཁང་ཆེད་སྤྱི་སྒེར་སུ་རུང་ལ་རིན་ཚད་འགྲན་བསྡུར་གྱི་ལམ་ནས་བོགས་གཏོང་ཞུ་རྒྱུ་ཡིན། ཚོང་ཁང་རེར་ཟླ་རེར་ཉུང་མཐའི་བོགས་གླ་ཧིན་སྒོར་ ༢༠,༠༠༠ གཏན་འབེབས་ཞུས་ཡོད།
༡༽ ཚོང་ཁང་སྒོ་རྟགས་ཨང་ ༡། ཟླ་རེར་ཉུང་མཐའི་བོགས་གླ་ཧིན་སྒོར་ ༢༠,༠༠༠
༢༽ ཚོང་ཁང་སྒོ་རྟགས་ཨང་ ༢། ཟླ་རེར་ཉུང་མཐའི་བོགས་གླ་ཧིན་སྒོར་ ༢༠,༠༠༠
༣༽ ཚོང་ཁང་སྒོ་རྟགས་ཨང་ ༣། ཟླ་རེར་ཉུང་མཐའི་བོགས་གླ་ཧིན་སྒོར་ ༢༠,༠༠༠
བོགས་ལེན་འགྲན་བསྡུར་དུ་ཞུགས་བློ་ཡོད་རིགས་ནས་ཕྱི་ལོ་ ༢༠༢༣ ཟླ་ ༢ ཚེས་ ༡༠ འགྱངས་མེད་རང་གི་འབུལ་འདོད་ཡོད་པའི་བོགས་གླ་དང་། ཚོང་ཁང་སྒོ་རྟགས་ཨང་གང་གི་ཆེད་ཡིན་མིན་གསལ་བཀོད་ཀྱིས་དཔལ་འབྱོར་དྲུང་ཆེའི་མཚན་ཐོག་འཚང་སྙན་འབུལ་དགོས།
དགོས་ངེས་ཆ་རྐྱེན་ཁག
༡། བཙན་བྱོལ་བོད་མིའི་དྭང་བླངས་དཔྱ་དངུལ་འབུལ་འབབ་གཙང་ཕུལ་ཟིན་པའི་ངོ་བཤུས་སྟེང་བོད་མིའི་སྒྲིག་འཛུགས་ཀྱི་ཟུང་དྲུང་གནས་རིམ་ཡན་ནམ་ས་གནས་འགོ་འཛིན་སུ་རུང་ནས་དག་མཆན་ལས་དམ་འགོད་དགོས།
༢། རྒྱ་གར་ནང་གནས་སྡོད་ཆོག་པའི་སྐྱབས་བཅོལ་ལག་འཁྱེར་ངོ་བཤུས་སྟེང་བོད་མིའི་སྒྲིག་འཛུགས་ཀྱི་ཟུང་དྲུང་གནས་རིམ་ཡན་ནམ་ས་གནས་འགོ་འཛིན་སུ་རུང་ནས་དག་མཆན་ལས་དམ་འགོད་དགོས།
༣། ཁྱིམ་ཚང་གཅིག་ནས་མི་གཅིག་ལས་མང་བས་འཚང་སྙན་འབུལ་མི་ཆོག
༤། ཞིབ་ཕྲའི་ཆ་རྐྱེན་གཉིས་མོས་གན་ཡིག་འབྲུ་དོན་ལྟར་རྩ་འཛིན་ལག་བསྟར་ཞུ་དགོས།
ཁང་ཁུངས་རྣམས་ཀྱི་ཟླ་རེའི་བོགས་གླ་དམའ་མཐའི་ཚད་གཞི་གོང་གསལ་ལྟར་ཡིན། ཚོང་ཁང་རེར་གཏའ་མ་ (EMD) སྒོར་ ༡༠,༠༠༠ རེ་འཇོག་དགོས་པ་དེ་ཚོང་ཁང་འགྲན་བསྡུར་རྒྱལ་ཁ་ཐོབ་རྗེས་ཕྱིར་འཐེན་བྱས་ཚེ་ཕྱིར་སློག་བྱ་རྒྱུ་མིན་པ་དང་དེ་མིན་ཕྱིར་སློག་བྱ་རྒྱུ། འོན་ཀྱང་དོ་བདག་སོ་སོས་བོགས་རིན་འབུལ་འདོད་ཇི་ཡོད་འཚང་སྙན་འབུལ་སྐབས་ཁ་གསལ་བཀོད་དེ་འབྲེལ་གཏུགས་ཁ་པར་ཨང་གྲངས་བཅས་ཡིག་སྐོགས་ཁ་སྦྱོར་ (Sealed Envelope) དཔལ་འབྱོར་ལས་ཁུངས་སུ་དུས་བཀག་ནང་ཚུད་འབུལ་འབྱོར་ཟིན་པ་དགོས།
འགྲན་བསྡུར་རྒྱལ་ཁ་ཐོབ་མཁན་མཉམ་བོགས་དུས་དང་ཆ་རྐྱེན་གཞན་འཁོད་པའི་གཉིས་མོས་གན་ཡིག་འཇོག་རྒྱུ་ཡིན་པ་བཅས་ཀྱི་གསལ་བསྒྲགས་སུ། དཔལ་འབྱོར་ལས་ཁུངས་ནས་ཕྱི་ལོ་ ༢༠༢༣ ཟླ་ ༡ ཚེས་ ༢༠ ལ།
The Secretary,
Department of Finance CTA
Gangchen Kyishong, Dharamsala – 176215
Email:- [email protected] Phone:- 8988156537/9805035128
Kangra Distt. Himachal Pradesh