༄༅། །འདི་གར་ཆེས་མཐོའི་ཁྲིམས་ཞིབ་ཁང་ནས་བཏང་གནས་ནང་འཁོད་དོན། རྒྱ་གར་ལྷོ་ཕྱོགས་བོད་མིའི་ས་གནས་ཁྲིམས་ཞིབ་ཁང་གི་ཁྲིམས་ཞིབ་པ་ཡོན་ཏན་ལགས་དང་ཁྲིམས་དྲུང་ཕུན་ཚོགས་དཔལ་ལྡན་ལགས་གཉིས་ནས་ཟླ་ ༡༡ ཚེས་ ༡༧ ཕྱི་དྲོའི་ཆུ་ཚོད་ ༧ ཐོག་སྦེལ་ཀོབ་བོད་ཕྲུག་ཁྱིམ་སྡེའི་འཛིན་རིམ་དགུ་པ་དང་བཅུ་གཅིག་གི་སློབ་མ་དང་། ཟླ་ ༡༢ ཚེས་ ༡༧ སྔ་དྲོའི་ཆུ་ཚོད་ ༡༡༌༣༠ ཐོག་སྦེལ་ཀོབ་སམ་བྷོ་ཊ་སློབ་གྲྭའི་དགེ་སློབ་བཅས་པའི་ཁྱོན་སློབ་གྲྭ་གཉིས་ཀྱི་དགེ་ལས་སློབ་མ་གྲངས་ ༤༢༩ མཉམ་ཞུགས་གནང་བ་རྣམས་ལ་བཙན་བྱོལ་བོད་མིའི་ཁྲིམས་ལུགས་ཀྱི་གོ་རྟོགས་ལས་གཞི་ཞིག་སྤེལ་ཐུབ་པ་བྱུང་ཡོད།ཁྲིམས་ལུགས་གོ་རྟོགས་ཀྱི་ལས་རིམ་ནང་བཙན་བྱོལ་བོད་མིའི་མང་གཙོའི་འཕེལ་རིམ་དང་། མང་གཙོ་ཀ་བ་གསུམ་གྱི་ངོ་བོ་དང་འགན་དབང་ངོ་སྤྲོད། བོད་མིའི་ཁྲིམས་ཞིབ་ཁང་གི་ཁྲིམས་ལུགས་དབང་འཛིན་གྱི་བྱུང་རིམ་དང་། ངོ་བོ། འགན་དབང་། གྲུབ་ཆ། སྤྱི་མང་གཏུག་བཤེར་འགྲོ་ལུགས་རྩ་འཛིན་ཁྲིམས་ཡིག་ནང་གསལ་ཁ་མཆུ་ཞུ་གཏུག་མ་བྱས་གོང་རང་ངོས་ནས་ཤེས་དགོས་པའི་གནད་དོན་དང་། ཁ་མཆུ་ཞུ་གཏུག་གི་ཞུ་སྙན་འབུལ་སྟངས་དང་། ཐོག་མ་ཁ་མཆུ་ཞུ་གཏུག་གི་བྱ་རིམ། བར་དུ་ཁ་མཆུ་གཏུག་བཤེར་གྱི་བྱ་རིམ། མཐའ་མ་ཁ་མཆུ་ཐག་གཅོད་ཀྱི་བྱ་རིམ་དང་། བཅོས་གསོའི་ཐབས་ལམ་ཇི་ཡོད་སོགས་ཀྱི་གོ་རྟོགས། སྐབས་མཚམས་སོ་སོར་དྭོགས་འདྲི་བྱུང་བ་ཁག་ལ་ལན་འདེབས་གསལ་བཤད་གནང་ཡོད་པ་བཅས། །
གསར་གནས།
འབྲེལ་གནས།