༄༅། །བོད་མིའི་དྭང་བླངས་འཕྲོད་བསྟེན་ཚོགས་པའི་ཁྱབ་ཁོངས་ཀོ་ལེ་གྷལ་དང་མན་སྤར་ས་གནས་འཕྲོད་བསྟེན་སྨན་ཁང་དུ་ཁྲག་ལུད་དང་གློག་པར་བརྟག་དཔྱད་མཁན་གཅིག་ལྕོགས་ཀྱི་ས་མིག་ཡོད་པའི་ཐོག་རང་རེའི་སྤྱི་ཚོགས་ཁྲོད་ཞབས་ཞུ་གནང་འདོད་ཡོད་རིགས་ནས་གཤམ་དུ་ཆ་རྐྱེན་ཁག་གསལ་བ་གཞིར་བཟུང་འཚང་སྙན་འབུལ་གནང་དགོས་རྒྱུ།
དགོས་མཁོའི་ཆ་རྐྱེན་ཁག
༡། ཁྲག་ལུད་དང་གློག་པར་བརྟག་དཔྱད་པ་ཐོན་ཟིན་པའི་ལག་འཁྱེར་གྱི་ངོ་བཤུས།
༢། ཕྱི་ལོ་ ༢༠༢༢ ཟླ་ ༣ ཚེས་ ༣༡ བར་དྭང་བླངས་དཔྱ་དངུལ་གཙང་ཕུལ་ཟིན་པའི་ངོ་བཤུས།
༣། གཟུགས་གཞི་བདེ་ཐང་ལས་འཕེར་ཡིན་པའི་སྨན་པའི་ངོས་སྦྱོར་ངོ་མའི་སྟེང་རང་ཉིད་ཀྱི་ཕྱེད་པར་མཉམ་སྦྱར་ཐོག་ཚད་ལྡན་སྨན་པའི་ལས་དམ་དང་མཚན་རྟགས་འཁོད་པ་དགོས།
༤། རང་ཉིད་གཏན་སྡོད་བྱ་ཡུལ་ས་གནས་འགོ་འཛིན་ནས་རྒྱུན་དུ་བྱ་སྤྱོད་ཉེས་སྐྱོན་མེད་པའི་ངོས་སྦྱོར་ངོ་མ།
༥། སྤྱི་སྒེར་གང་རུང་ནང་ལས་ཀ་བྱེད་མུས་ཡིན་ཚེ་ལས་ཡུལ་དེ་ནས་དགག་བྱ་མེད་པའི་ངོས་སྦྱོར་ངོ་མ།
གོང་གསལ་ཡིག་ཆའི་འདྲ་བཤུས་སྟེང་ས་གནས་འགོ་འཛིན་ནམ་གཞུང་ཞབས་ལས་བྱེད་གནས་རིམ་ཟུང་དྲུང་ཡན་གྱི་དག་མཆན་དང་ལས་དམ་བཀོད་དེ་ (Attestation) གཤམ་གསལ་ཞལ་བྱང་ཐོག་ཕྱི་ལོ་ ༢༠༢༢ ཟླ་ ༡༢ ཚེས་ ༣༠ ཉིན་གྱི་ཕྱི་དྲོ་ཚོུད་ ༥ གོང་འབུལ་འབྱོར་ཟིན་པ་གནང་དགོས་རྒྱུ་དང་། དོ་བདག་ལ་འབྲེལ་བ་ཞུ་བདེའི་སླད་སྡོད་གནས་ཁ་བྱང་དང་། གློག་འཕྲིན་ཁ་བྱང་ (Email ID) དེ་བཞིན་ལག་ཐོགས་ཁ་པར་ཨང་གྲངས་སོགས་འཚང་སྙན་ནང་ཁ་གསལ་བཀོད་དགོས། ཡིག་ཆ་ངོ་མ་རྣམས་འབྱོར་ཐོ་འགོད་བཅར་སྐབས་མིག་སྟོན་དགོས་རྒྱུ། ཆ་རྐྱེན་ཚང་བའི་ཞུ་སྙན་ཕུལ་འབྱོར་བྱུང་བ་རྣམས་ལ་འདེམས་རྒྱུགས་ཀྱི་ཚེས་ཆ་སྐབས་མཚམས་ཐག་གཅོད་ཀྱིས་ཁུངས་འབྲེལ་བྱ་རྒྱུ་ཡིན་པ་བཅས་ཀྱི་ཡོངས་ཁྱབ་གསལ་བསྒྲགས་སུ། བོད་མིའི་སྒྲིག་འཛུགས་འཕྲོད་བསྟེན་ལས་ཁུངས་ནས་ཕྱི་ལོ་ ༢༠༢༢ ཟླ་ ༡༢ ཚེས་ ༡༢ ལ།།
༼འཚང་སྙན་འབུལ་ཡུལ།༽
Secretary
Department of Health, CTA
Gangchen Kyishong, Dharamsala 176215
District Kangra (H.P)
INDIA
Phone: 01892-223408/222718, Coordinator: 9882357573
Email: [email protected] /[email protected]