༄༅། །བོད་ཀྱི་ཟློས་གར་ཚོགས་པའི་འཚེམ་ཁང་དང་ལྷམ་བཟོ་སྡེ་ཚན་སོ་སོར་འཚེམ་བཟོ་བ་ ༡ དང་ལྷམ་བཟོ་བ་བུ་ ༡ དགོས་གལ་བཞིན་ཆོད་གན་ལས་བྱེད་ཀྱི་ངོ་བོའི་ཐོག་བསྐོ་གཞག་ཞུ་རྒྱུ་ལགས་ན། གཤམ་གསལ་ཆ་རྐྱེན་ཚང་རིགས་ཁྲོད་གོང་གསལ་འཚེམ་བཟོ་བ་དང་ལྷམ་བཟོ་བ་གང་རུང་དུ་ཞུགས་བློ་ཡོད་རིགས་ནས་འདི་ག་བོད་ཀྱི་ཟློས་གར་ཚོགས་པའི་སྤྱི་ཁྱབ་འགན་འཛིན་མཆོག་གི་མཚན་ཐོག་ཏུ་རང་ཉིད་འཚང་སྙན་དང་དགོས་མཁོའི་ཡིག་ཆ་ཁག་གི་ངོ་བཤུས་གཤམ་གསལ་ཁ་བྱང་ཐོག་ཕྱི་ལོ་ ༢༠༢༣ ཟླ་ ༠༡ ཚེས ༡༥ འགྱངས་མེད་འབུལ་དགོས་ཤིང་། སྙན་ཞུའི་ནང་རང་ཉིད་ཀྱི་ལོ་རྒྱུས་མདོར་བསྡུས་ཤིག་དང་། སོ་སོའི་ཁ་བྱང། ཞལ་པར་ཨང་། གློག་འཕྲིན་ཁ་བྱང་བཅས་ཁ་གསལ་བཀོད་དགོས་རྒྱུ། གོང་གསལ་དུས་བཀག་རྗེས་སྙན་ཞུ་ཕུལ་འབྱོར་བྱུང་རིགས་རང་བཞིན་གྱིས་རྩིས་མེད་དུ་ངོས་འཛིན་ཞུ་རྒྱུ། ཆ་རྐྱེན་ཚང་བའི་འཚང་སྙན་འབུལ་མཁན་ཁྲོད་ནས་འཚེམ་བཟོ་བ་གཅིག་དང་ལྷམ་བཟོ་བ་གཅིག་འདེམས་རྒྱུགས་ཀྱི་ལམ་ནས་བསྐོ་གཞག་ཞུ་རྒྱུ་ཡིན་པ་བཞིན་འདེམས་རྒྱུགས་བྱ་ཡུལ་དང་ཚེས་གྲངས་འཚང་སྙན་འབུལ་དུས་གཙང་རྗེས་དོ་བདག་སོ་སོར་བརྡ་ལན་སྤྲོད་རྒྱུ་ཡིན་པས། དངོས་གཞིའི་རྒྱུགས་སྤྲོད་སྐབས་དོ་བདག་སོ་སོའི་དགོས་མཁོ་ཡིག་ཆ་ངོ་མ་རྣམས་མཉམ་འཁྱེར་དགོས་རྒྱུར་ཐུགས་འཇགས་ཞུ།
དགོས་མཁོའི་ཆ་རྐྱེན།
༡། ཕྱི་ལོ་ ༢༠༢༢ ཟླ་ ༣ ཚེས་ ༣༡ བར་དང་བླངས་དཔྱ་དངུལ་ཆ་ཚང་བཀང་འབུལ་ཟིན་པའི་ཤོག་ངོས་དང་པོ་དང་མཐའ་མའི་འདྲ་བཤུས།
༢། རྒྱ་གར་ནང་གནས་སྡོད་ཆོག་པའི་སྐྱབས་བཅོལ་ལག་དེབ་དུས་འགྱངས་ཞུས་པའི་ངོ་བཤུས།
༣། ངོས་འཛིན་ཡོད་པའི་སྨན་ཁང་ཞིག་ནས་གཟུགས་གཞི་བདེ་ཐང་དང་ལས་འཕེར་ཡིན་པའི་སྨན་པའི་ངོས་སྦྱོར།
༤། ལས་ཀ་བྱེད་བཞིན་པ་ཡིན་ན་ལས་ཡུལ་ནས་དགག་བྱ་མེད་པའི་ངོས་སྦྱོར་བཅས་དགོས་རྒྱུ།
ཤེས་ཚད་དང་ཉམས་མྱོང་།
༡། སྡེ་ཚན་གང་རུང་ནང་ཉུང་མཐར་ལོ་གཅིག་རིང་འཚེམ་བཟོ་དང་ལྷམ་བཟོའི་ལས་མྱོང་ཡོད་པ།
༢། འཚིམ་བཟོ་དང་ལྷམ་བཟོ་མཐར་སོན་ལག་འཁྱེར་དང་། ཉམས་མྱོང་ཡོད་རིགས་ལ་དམིགས་བསམ་གོ་སྐབས་འབུལ་རྒྱུ་ཡིན།
གོང་གསལ་དགོས་མཁོའི་ལག་འཁྱེར་དང་ཡིག་ཆའི་སྟེང་དབུས་བོད་མིའི་སྒྲིག་འཛུགས་ཁག་གི་ཟུང་དྲུང་ཡན་ནམ། ཡང་ན་ས་གནས་འགོ་འཛིན་གང་རུང་གི་དག་མཆན་འཁོད་པ་དགོས་རྒྱུ།
གསོལ་ཕོགས་དང་མཐུན་རྐྱེན།
ཟླ་རེར་འཚོ་དོད་ཧིན་སྒོར་ ༡༠,༠༠༠་༠༠ དང་ལས་ཤག་གོ་སྒྲིག་ཡོད། ཆོད་གན་གི་ལོ་གཅིག་གི་ལས་ཡུན་རིང་འཚེམ་བཟོ་དང་ལྷམ་བཟོའི་སྦྱོང་བརྡར་ཕུལ་རྗེས་དོ་བདག་གི་ལས་དོན་དང་འཇོན་ཐང་གཞིགས་ཏེ་ཆོད་གན་ཕར་འགྱངས་དགོས་མིན་ལག་བསྟར་བྱ་རྒྱུ་ཡིན།
བོད་ཀྱི་ཟློས་གར་ཚོགས་པའི་སྤྱི་ཁྱབ་ཡིག་ཚང་ནས་ ༢༠༢༢ ཟླ་ ༡༢ ཚེས་ ༦ ལ།།
དོགས་འདྲི་དང་འཚང་སྙན་འབུལ་ཡུལ།
Director,
TIPA, Mcleodganj,
Distt. Kangra-176216
Contact no: 01892-221478, 9805816273
Email: [email protected]