
དེ་ཡང་གོང་ཚེས་ཉིན་གྱི་སྔ་དྲོ་ཆུ་ ཚོད་ ༨།༠༠ ཐོག་སྐུ་མགྲོན་གཙོ་བོ་༸སྐྱབས་རྗེ ་ཤྲཱི་ཆུ་བཟང་རིན་པོ་ཆེ་མཆོག་དང་། གཞུག་དགོན་བསམ་གཏན་གླིང་དང་ཤེལ་ དཀར་ཆོས་སྡེ་དགོན་པ་གཉིས་ཀྱི་ མཁན་རིན་པོ་ཆེ་རྣམ་པ་དབུས་པའི་ དགེ་བཙུན་རྣམ་པ། བལ་ཡུལ་དོན་གཅོད། ཕྱོགས་བཞུགས་སྤྱི་འཐུས་དང་སྤྱི་ཟུ ར་རྣམ་པ། དམིགས་བསལ་སྐུ་མགྲོན་ ཨ་རིའི་གཞུང་ཚབ་གཞོན་པ་སྐུ་ཞབས་ཇཱ་སོན་ཝིཀ་ (Mr. Jasson Week) ལགས་དང་ཆབ་སྲིད་སྡེ་ཚན་གྱི་ལྕམ་སྐུ་ལིན་ཛི་ (Miss Lindsay Seuc) ལགས། བལ་ཡུལ་ནང་འགྲོ་བ་མིའི་ཐོབ་ཐང་ རྩོད་ལེན་བྱེད་མཁན་སྐུ་ཞབས་གོ་པལ་ཤི་བ་ཀོ་ཊི་ (Dr. Gopal Shivakoti,President of INHURED International) ལགས་དང་བྷ་ཝ་ནི་པྲ་སཏ་ཁ་རེལ་ (Mr. Bhawani Prasad Kharel,President of National Human Rights Foundation) ལགས། དེ་བཞིན་བལ་ཡུལ་ཁུལ་གྱི་ས་གནས་ འཐུས་ཚོགས་ཀྱི་ཚོགས་གཙོ་རྣམ་པ།


