༄༅། །བོད་མིའི་སྒྲིག་འཛུགས་ནང་སྲིད་ལས་ཁུངས་ཀྱི་དྲུང་འཕར་བསྟན་འཛིན་ནོར་བུ་ལགས་ཕྱི་ལོ་ ༢༠༢༢ ཟླ་ ༡༢ ཚེས་ ༠༧ ཉིན་མོན་གྷོ་འདོད་རྒུ་གླིང་བོད་མིའི་གཞིས་ཆགས་སུ་གཞུང་འབྲེལ་གཟིགས་སྐོར་ཕེབས་ཡོད།
དེ་ཡང་དྲུང་འཕར་བསྟན་འཛིན་ནོར་བུ་ལགས་ཀྱིས་མོན་གྷོ་འདོད་རྒུ་གླིང་ས་གནས་འགོ་འཛིན་ལྷག་པ་སྒྲོལ་མ་ལགས་དང་། དགོན་སྡེ་ཁག་གི་སྐུ་ཚབ། ས་ཁང་ཚོགས་ཆུང་གི་ཚོགས་མི་རྣམ་པ། བརྒྱ་དཔོན་རྣམ་པ་བཅས་དང་ཐུག་འཕྲད་ཀྱིས་ས་ཁང་གི་སྒྲིག་གཞི་བསྐྱར་བཅོས་ཟིན་པ་རྣམས་དང་། བཀའ་ཤག་སྐབས་བཅུ་དྲུག་པའི་ལངས་ཕྱོགས་སྲིད་བྱུས་སོགས་ཀྱི་སྐོར་ངོ་སྤྲོད་ལམ་སྟོན་གནང་ཡོད་པ་མ་ཟད། ད་ལྟ་ས་གནས་སུ་ལས་གཞི་སྤེལ་བཞིན་པའི་གནས་སྟངས་ཁག་ལ་རྟོག་ཞིབ་དང་རྒྱུས་ལོན་གནང་ཡོད། དྲུང་འཕར་བསྟན་འཛིན་ནོར་བུ་ལགས་ཀྱིས་ཕྱི་ཚེས་ ༠༨ ཉིན་རྟོག་ཞིབ་ཀྱི་ལས་རིམ་ཁག་མཇུག་སྒྲིལ་གནང་ཡོད་པ་བཅས།།