༄༅། །བོད་མིའི་སྒྲིག་འཛུགས་ཀྱི་བལ་ཡུལ་སྐུ་ཚབ་དོན་གཅོད་ལས་ཁུངས་སུ་སྡེ་ཚན་འགན་འཛིན་ས་མིག་ཐོག་རྩིས་པ་ཞིག་བལ་ཡུལ་རང་ནས་གསར་འདེམས་བྱ་རྒྱུར། རྩིས་ཀྱི་ཤེས་ཚད་ལག་འཁྱེར་ཡོད་པ་ཞིག་བལ་ཡུལ་གནས་སྡོད་བོད་མི་ཁོ་ནའི་ཆེད་དུ་ཡིན་པས་འཚང་རྒྱུགས་ནང་མཉམ་ཞུགས་གནང་མཁན་རྣམས་གཤམ་གསལ་འོས་ཆོས་ཚང་ཞིང་སྲི་ཞུའི་ལས་བྱེད་དུ་ཞབས་འདེགས་ཞུ་བློ་ཡོད་རིགས་ནས་ཕྱི་ལོ་ ༢༠༢༢ ཟླ་ ༡༢ ཚེས་ ༡༤ ཕྱི་དྲོ་ཕྱག་ཚོད་ ༥ འགྱངས་མེད་དྲྭ་ཐོག་འཚང་སྙན་འབུལ་གནང་དགོས་རྒྱུ།
https://forms.gle/H7f9P5nuS4Rzt1YRA
བལ་ཡུལ་སྐུ་ཚབ་དོན་གཅོད་ལས་ཁུངས་སུ་སྡེ་འགན་ས་མིག་ ༡ འདེམས་སྒྲུག་ཆེད་དགོས་ངེས་ཆ་རྐྱེན་གཤམ་གསལ།
༡) ཤེས་ཚད། ཚད་ལྡན་མཐོ་སློབ་ཞིག་ནས་རྩིས་རིག་ཐོག་ཉེ་བའི་གཙུག་ལག་རབ་འབྱམས་པ་ (B.Com) ཐོན་པ་དགོས།
༢) ལོ་ཚད། ༢༠༢༢།༡༢།༡༤ ཉིན་རང་ལོ་ ༢༡ ལས་མི་ཉུང་ཞིང་། ༤༠ ལས་མ་བརྒལ་བ་དགོས།
༣) རྒྱུགས་གཞི། བོད་ཡིག་དང་། ཨིན་ཡིག་སྐད་ཡིག་སོ་སོའི་ནང་རྩིས་དང་འབྲེལ་བའི་ཐོག་འབྲི་རྒྱུགས་དང་། བོད་སྐད་དང་། ཨིན་སྐད་གཉིས་ཐོག་ངག་རྒྱུགས་ལེན་རྒྱུ།
༤༽ རྒྱུགས་འཕྲོད་པར། རྒྱུགས་གཞི་བོད་ཨིན་གཉིས་སོ་སོར་ཉུང་མཐའི་བརྒྱ་ཆ་ ༥༠ ཐམ་པ་ལོན་པ་དགོས།
༥༽ དང་བླངས་དཔྱ་དངུལ་ལག་དེབ་ཀྱི་ཤོག་གྲངས་དང་པོ་དང་། གཉིས་པ། འབུལ་འབབ་གཙང་ཕུལ་ཟིན་པའི་མཐའ་མའི་ངོ་བཤུས།
༦༽ ཁྲིམས་མཐུན་སྐྱེས་ཚེས་ལག་འཁྱེར་ (Birth Certificate) གྱི་ངོ་བཤུས།
༧༽ བོད་མིའི་སྒྲིག་གཛུགས་ཀྱི་འཕྲོད་བསྟེན་ལས་ཁུངས་ཁྱབ་ཁོངས་རྒྱ་བོད་སྨན་ཁང་ཡོད་ན་དང་། དེ་མིན་སྨན་ཁང་ཚད་ལྡན་གང་རུང་ནས་ནད་གཅོང་དང་འགོས་ནད་རིགས་མེད་པར་གཟུགས་བབ་ལས་འཕེར་ཡིན་པའི་སྨན་པའི་ངོས་སྦྱོར་(Medical Certificate) ཁ་གསར་སྟེང་རང་ཉིད་ཀྱི་འདྲ་པར་མཉམ་སྦྱར་ཐོག་སྨན་པའི་ལས་དམ་དང་། ས་རྟགས་འཁོད་པ་ངོ་མ།
༨༽ འབྲེལ་ཡོད་ས་གནས་འགོ་འཛིན་ནས་བྱ་སྤྱོད་ཐལ་སྐྱོན་མེད་པའི་ངོས་སྦྱོར་ (Character Certificate) ངོ་མ།
འཚང་སྙན་འབུལ་མཁན་རྣམས་ནས་གཤམ་གསལ་དྲྭ་མཐུད་ནང་ཡོད་འཚང་སྙན་འགེངས་ཤོག་ཞིབ་བཀང་གིས་ཕྱི་ལོ་ ༢༠༢༢ ཟླ་ ༡༢ ཚེས་ ༡༤ ནང་ཚུན་དྲྭ་ཐོག་འབུལ་ལམ་ཞུ་དགོས། དུས་བཀག་རྗེས་འཚང་སྙན་ཕུལ་འབྱོར་རིགས་རྩིས་མེད་ཡིན། དུས་ཐོག་འགེངས་ཤོག་འབྱོར་བ་ཆ་ཚང་ལ་ཞིབ་འཇུག་ཚོགས་ཆུང་ནས་ཞིབ་འཇུག་དང་འབྲེལ་འོས་ཆོས་ཚང་བ་ཚོར་ཡིག་རྒྱུགས་གཏོང་སླད་སྐབས་མཚམས་འབོད་བརྡ་གཏང་རྒྱུ་བཅས་ཀྱི་གསལ་བསྒྲགས་སུ། ལས་བྱེད་འདེམས་བསྐོ་ལྷན་ཁང་ནས་ ༢༠༢༢ ཟླ་ ༡༡ ཚེས་ ༢༣ ལ།།
Secretary
Public Service Commission
Central Tibetan Administration
Gangchen Kyishong, Dharamsala-176215
Distt.Kangra(H.P)
E-mail:[email protected]