༄༅། །ཕྱི་ལོ་ ༢༠༢༢ ཟླ་བ་ ༡༡ ཚེས་ ༢༩ ཉིན་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་རྡ་ས་འཛིན་སྐྱོང་སྦྱོང་བརྡར་བསྟི་གནས་ཁང་དུ་སཾ་བྷོ་ཊ་བོད་སློབ་ཚོགས་པའི་སྤྱི་ཁྱབ་ཡིག་ཚང་ནས་ཁྱབ་ཁོངས་སློབ་གྲྭ་ཁག་གི་འགན་འཛིན་ཚོགས་འདུ་ཐེངས་བཅོ་ལྔ་པའི་མཇུག་བསྡོམས་མཛད་སྒོའི་སྐུ་
དེ་ཡང་མཇུག་བསྡོམས་མཛད་སྒོར་སྐུ་མགྲོན་གཙོ་བོ་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་དང་། སཾ་བྷོ་ཊ་བོད་སློབ་ཚོགས་པའི་སྤྱི་ཁྱབ་འགན་འཛིན་ཚེ་རིང་དོན་གྲུབ་ལགས། འགན་འཛིན་གཞོན་པ་ཚེ་དབང་ནོར་བུ་ལགས། སཾ་བྷོ་ཊ་བོད་སློབ་ཚོགས་པའི་ཁྱབ་ཁོངས་སློབ་གྲྭ་ཁག་གི་སློབ་སྤྱི་དང་དགེ་ཆེ། དེ་བཞིན་འབྲེལ་ཡོད་ལས་བྱེད་སོགས་ཕེབས་ཡོད།སྐབས་དེར་དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོ
ངས་ད་རེས་ཞུ་འདོད་པ་ནི། སཾ་བྷོ་ཊ་བོད་སློབ་ཚོགས་པའི་སྤྱི་ཁྱབ་ཡིག་ཚང་ནས་གནང་དགོས་པ་དང་། ཤེས་རིག་ལས་ཁུངས་ནས་གནང་དགོས་པའི་གནད་དོན་འགའ་ཤས་ཡོད་པ་རེད། ངས་དེ་སྔ་ནས་ཞུ་བཞིན་པ་ལྟར་རྣམ་པ་ཚོས་སློབ་གྲྭ་སོ་སོའི་ཁྱབ་ཁོངས་ནང་གནས་སྟངས་གང་ཡིན་པ་མཁྱེན་གྱི་ཡོད་པ་མ་གཏོགས་རྒྱ་བལ་འབྲུག་གསུམ་གྱི་བོད་མིའི་གནས་སྟངས་དང་། དེ་བཞིན་འཛམ་གླིང་ནང་བོད་མིའི་གནས་སྟངས་དང་ཤེས་ཡོན་གྱི་གནས་སྟངས་ཁ་གསལ་རྟོགས་ཐུབ་རྒྱུ་ཁག་པོ་རེད། གང་ཡིན་ཞེ་ན། སོ་སོའི་ལས་འགན་ཐོག་བློ་སྒྲིམས་དགོས་སྟབས་ཚང་མ་མཁྱེན་རྒྱུ་ཁག་པོ་རེད། རྒྱ་ཆེ་ས་ནས་གནས་ཚུལ་ཚང་མ་ཤེས་མཁན་བཀའ་ཤག་དང་ཤེས་རིག་ལས་ཁུངས་ཆགས་ཀྱི་ཡོད། ད་བར་ང་ཚོས་ལས་ཀ་བྱེད་སྟངས་ཀྱི་ཐོག་ནས་གྲངས་ཐོར་སྣང་མེད་ལྟ་བུ་དང་། གྲངས་ཐོར་སྣང་མེད་གཏོང་དུས་དངོས་ཡོད་གནས་ཚུལ་རྟོགས་རྒྱུ་ཁག་པོ་ཆགས་ཀྱི་འདུག དེར་བརྟེན་ད་ལྟའི་བཀའ་ཤག་གི་གྲངས་ཐོ་ཧ་ཅང་གལ་ཆེན་པོ་རྩི་བཞིན་ཡོད། མ་འོངས་པར་སྲིད་བྱུས་དང་ལས་གཞི་ག་འདྲ་ཞིག་སྤེལ་དགོས་ཀྱི་ཡོད་ནའང་དེ་དག་ཚང་མ་དངོས་ཡོད་གནས་ཚུལ་དང་མཐུན་པ་དགོས་ཀྱི་ཡོད་ན། གྲངས་ཐོ་དེ་གལ་ཆེན་པོ་རྩིས་དགོས་ཀྱི་ཡོད།
བཀའ་ཤག་སྐབས་ ༡༦ སླེབ་པ་ནས་བཟུང་གྲངས་ཐོ་གལ་ཆེན་པོ་བརྩིས་ཏེ་ཐོག་མར་ཤེས་རིག་ལས་ཁུངས་ལ་དོ་སྣང་སྤྲད་པ་རེད། གང་ཡིན་ཞེ་ན། ང་ཚོ་ཡར་སླེབས་པ་དང་ལས་ཀ་དང་པོ་དེ་གཏན་འཇགས་སློབ་གྲྭ་དྲུག་དེ་དག་རྩིས་བླང་རྒྱུའི་དུས་ཚོད་འཁེལ་ཡོད། ཤེས་རིག་ལས་ཁུངས་སུ་གྲངས་ཐོ་སྔོག་དུས་ཕྱི་ལོ་ ༢༠༡༢ བར་འགྲོ་ཐུབ་ཀྱི་འདུག ཕྱི་ལོ་ ༢༠༡༢ བར་བཙན་བྱོལ་བོད་མིའི་སློབ་གྲྭ་ཁག་ཏུ་བོད་པ་དང་། ཡུལ་མི། ཧི་མ་ལ་ཡ་རི་རྒྱུད་ནས་སློབ་ཕྲུག་ག་ཚོད་ཡོད་པ་དབྱེ་བ་ཕྱེ་ཐུབ་ཀྱི་འདུག དེའི་སྔོན་གྱི་གྲངས་ཐོ་ནང་དབྱེ་བ་མེད་སྟབས་བསྡོམས་བརྒྱབ་རྒྱུ་ཁག་པོ་ཆགས་ཀྱི་འདུག སྤྱིར་སློབ་གྲྭ་ཁྱོན་ཡོངས་ཀྱི་གྲངས་ཐོ་ལོ་ལྟར་ཆག་ཡོད་པ་རེད། གང་ལྟར་ཕྱི་ལོ་ ༢༠༡༢ ལོར་བཙན་བྱོལ་བོད་མིའི་སློབ་གྲྭ་ཁག་ཏུ་བོད་ཕྲུག་ཁྲི་གཉིས་ལྷག་ཙམ་ཡོད་པ་དང་། ཕྱི་ལོ་ ༢༠༢༡ ལོར་དགུ་སྟོང་བདུན་བརྒྱ་ཡོད། ད་ལྟའི་དུས་སུ་ཇི་ཙམ་མང་དུ་ཕྱིན་ཡོད་པ་དང་། ཇི་ཙམ་ཉུང་དུ་ཕྱིན་པ་དེ་དག་ཚང་མ་ལོ་ལྟར་གྲངས་ཐོ་བསྡུ་རུབ་བྱེད་པ་ཡིན་ན། ཕྲུ་གུ་མང་དུ་འགྲོ་གི་འདུག་གམ་ཉུང་དུ་འགྲོ་གི་འདུག་ཤེས་ཐུབ།
གལ་ཏེ་ཕྲུ་གུ་མང་དུ་འགྲོ་གི་ཡོད་ན་དེ་ལ་དཔོག་པའི་གྲ་སྒྲིག་གང་བྱེད་དགོས་པ་དང་ཉུང་དུ་འགྲོ་གི་ཡོད་ན་དེ་རིང་ནས་རྩིས་ཏེ་ལོ་ཉི་ཤུའི་ནང་ང་ཚོས་གདོང་ལེན་བྱེད་དགོས་པའི་གནས་ཚུལ་གང་ཆགས་ས་རེད་དེ་དག་གཞི་ལ་བཅོལ་ནས་མ་འོངས་པར་གདོང་ལེན་བྱེད་རྒྱུ་འཆར་གཞི་དང་ལྡན་པའི་ཐོག་ནས་ད་ལྟ་ནས་འགོ་བཙུགས་མ་ཐུབ་ན་གློ་བུར་དུ་དཀའ་ངལ་འཕྲད་དེ་གདོང་ལེན་བྱེད་དགོས་བྱུང་ན་ཁག་པོ་ཡོད། དེར་བརྟེན་བཀའ་ཤག་གི་ངོས་ནས་ལས་དོན་གང་བྱེད་པ་ཡིན་ནའང་མ་འོངས་ཕུགས་འགྱངས་རིང་པོ་བསམ་བློ་བཏང་བ་མ་གཏོགས་སོ་སོའི་དུས་ཡུན་གཅིག་པོར་བསམ་བློ་བཏང་ནས་ཕྱིན་པ་ཡིན་ན། ལུང་པ་གཞན་པའི་ཆབ་སྲིད་པས་ལས་ཀ་བྱེད་སྟངས་ནང་བཞིན་འོས་འཐོབ་རྒྱུའི་ཁེ་ཕན་ཁོ་ནར་བསམ་བློ་བཏང་ནས་འགྲོ་དགོས་པ་ཆགས་ཉེན་ཡོད། དེ་ལྟར་བྱེད་པ་ཡིན་ན་ལས་ཀ་བྱེད་རྒྱུའི་ཀུན་སློང་ནོར་གྱི་ཡོད།
ང་ཚོ་བཙན་བྱོལ་དུ་དུས་ཡུན་རིང་པོ་གནས་དགོས་བྱུང་གི་རེད་སྙམ་པ་སུ་གང་གིས་དྲན་མེད། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་དགོངས་པ་ནི་ཧ་ཅང་ཕུགས་འགྱངས་རིང་པོ་རེད། ༸གོང་ས་མཆོག་གིས་དུས་རྟག་ཏུ་རེ་བ་བཟང་ས་ནས་རྒྱོབ། གྲ་སྒྲིག་སྡུག་ས་ནས་བྱོས། ཞེས་བཀའ་ཕེབས་བཞིན་ཡོད། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་དགོངས་པ་ནི་ང་ཚོ་བཙན་བྱོལ་དུ་ཡུན་རིང་པོ་ག་ཚོད་གནས་ཀྱི་ཡོད་མེད་ལ་མ་ལྟོས་པར་མ་འོངས་ཕུགས་འགྱངས་རིང་པོར་གྲ་སྒྲིག་དགོས་པ་ཧ་ཅང་གལ་ཆེན་པོར་གཟིགས་ནས་རྒྱ་གར་དབུས་གཞུང་དང་མངའ་སྡེ་གཞུང་གི་མཐུན་འགྱུར་འོག་བཙན་བྱོལ་བོད་མིའི་གཞིས་ཆགས་ཁག་གསར་བཙུགས་དང་། བཙན་བྱོལ་བོད་མིའི་གཞིས་ཆགས་ཁག་ཏུ་སློབ་གྲྭ་དང་། དགོན་སྡེ། རིག་གཞུང་བསྟི་གནས་སོགས་མང་དག་གཅིག་བཙུགས་པའི་རྒྱུ་མཚན་ལ་བརྟེན་ནས་ད་བར་སྐད་ཡིག་དང་ཆོས། རིག་གཞུང་། བསམ་བློ་གཏོང་སྟངས། འཚོ་བ་སྐྱེལ་སྟངས་སོགས་གང་ཅིའི་ཐད་ནས་ང་ཚོ་མི་རིགས་ཀྱི་ངོ་བོ་སྲུང་སྐྱོབ་གནང་ཐུབ་ཡོད་པ་དེ་དག་ཚང་མ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ཕུགས་འགྱངས་རིང་པོའི་དགོངས་གཞི་ལ་བརྟེན་ནས་བྱུང་བ་རེད། ཅེས་སོགས་ཀྱི་གསུང་བཤད་གནང་། །