༄༅། །བོད་མིའི་སྒྲིག་འཛུགས་བདེ་སྲུང་ལས་ཁུངས་ཀྱི་དྲུང་ཆེ་ཟུར་པ་དགེ་སློང་མོན་གྲོགས་གཞུང་ཁུངས་ཡེ་ཤེས་ཆོས་གྲགས་ལགས་ཕྱི་ལོ་ ༢༠༢༢ ཟླ་བ་ ༡༡ ཚེས་ ༡༡ ཉིན་གྱི་མཚན་གུང་ཆུ་ཚོད་ ༡ ཐོག་རྒྱ་གར་ལྷོ་ཕྱོགས་སྦེལ་ཀོབ་ཏུ་འདས་གྲོངས་སུ་གྱུར་པའི་ཡིད་སྐྱོའི་གནས་ཚུལ་བྱུང་འདུག་པར་དཔལ་ལྡན་བཀའ་ཤག་ནས་ཐུགས་ཕམ་དང་སྦྲགས་དམ་པ་ཁོང་གི་ཚེ་རབས་ཕྲེང་བར་བསགས་པའི་སྡིག་སྒྲིབ་བྱང་ཞིང་དག་ནས་མངོན་མཐོ་ངེས་ལེགས་ཀྱི་གོ་འཕང་མགྱོགས་ནས་མྱུར་དུ་འཐོབ་པའི་སྨོན་ལམ་གསོལ་འདེབས་ཞུ་ཕྱིར། དེ་རིང་ཕྱི་ལོ་ ༢༠༢༢ ཟླ་ ༡༡ ཚེས་ ༡༡ ཉིན་གྱི་ཉིན་རྒྱབ་ཆུ་ཚོད་ ༣ ཐོག་གངས་སྐྱིད་སྲིད་སྐྱོང་ཚོགས་ཁང་དུ་བོད་མིའི་སྒྲིག་འཛུགས་ཀྱི་མཛད་གཙོ་རྣམ་པས་དབུས་ལྷན་ཁང་ཁག་གི་དྲུང་ཆེ་ཆུང་རྣམ་པ། དེ་བཞིན་སྲི་ཞུའི་ལས་བྱེད་བཅས་ཚང་འཛོམས་ཐོག་བཀའ་དྲུང་ཆུ་སྐྱ་སྦྲ་གཉིས་ཚེ་རྒྱལ་ལགས་ཀྱིས་དམ་པ་ཁོང་གི་ལོ་རྒྱུས་སྒྲོགས་སྦྱང་གནང་རྗེས་སྲིད་ཚབ་ཤེས་རིག་བཀའ་བློན་ལྕང་ར་ཐར་ལམ་སྒྲོལ་མ་མཆོག་གིས་གསུང་བཤད་གནང་དོན། གོང་དུ་བཀའ་དྲུང་གིས་ལོ་རྒྱུས་ཆ་ཚང་སྒྲོ
སྤྱིར་ནད་ན་ཚ་དང་དཀའ་ངལ་མ་འཕྲད་བར་དུ་འཛམ་གླིང་འདིར་གཏན་དུ་སྡོད་མཁན་ཡིན་སྙམ་པའི་ཐོག་ནས་ཕྱག་ལས་གནང་བཞིན་ཡོད་ལ། དགོངས་པ་ཡང་དེ་ལྟར་བཞེས་བཞིན་ཡོད། འདི་ལྟ་བུའི་སྨོན་ལམ་འདུ་འཛོམས་སྐབས་ང་ཚོ་ཚང་མ་སྐྱེས་པའི་མཐའ་མ་འཆི་དགོས་
དམ་པ་ཁོང་ནི། ཕྱི་ལོ་ ༡༩༥༢ ཟླ་བ་ ༠༧ ཚེས་ ༠༡ ཉིན་མཚོ་སྣར་སྐྱེས་ཤིང་། ཕྱི་ལོ་ ༡༩༨༠ ཟླ་བ་ ༡༠ ཚེས་ ༠༡ ཉིན་ནས་གནས་བརྒྱད་པ་ཚོད་ལྟའི་ཐོག་སྐུ་ཡིག་རྒན་དྲུང་དུ་བསྐོ་གཞག་གནང་བ་དང་། ཕྱི་ལོ་ ༡༩༨༡ ཟླ་བ་ ༡༢ ཚེས་ ༠༡ ཉིན་ནས་གཞུང་ཞབས་ངོ་མར་བསྐོ་གཞག ཕྱི་ལོ་ ༡༩༩༢ ཟླ་བ་ ༠༨ ཚེས་ ༠༡ ཉིན་ནས་དྲུང་གཞོན་དུ་གནས་སྤར། ཕྱི་ལོ་ ༡༩༩༧ ཟླ་བ་ ༠༤ ཚེས་ ༢༡ ཉིན་ནས་ཟུང་དྲུང་གནས་རིམ་དུ་གནས་སྤར། ཕྱི་ལོ་ ༡༩༩༧ ཟླ་བ་ ༠༦ ཚེས་ ༠༢ ཉིན་ནས་སྐུ་སྒེར་ཡིག་ཚང་གི་ཟུང་དྲུང་། ཕྱི་ལོ་ ༡༩༩༩ ཟླ་བ་ ༡༡ ཚེས་ ༠༡ ནས་བལ་ཡུལ་སྐུ་ཚབ་དོན་ཁང་གི་ཟུང་དྲུང་དུ་གནས་སྤོས། ཕྱི་ལོ་ ༢༠༠༢ ཟླ་བ་ ༠༧ ཚེས་ ༠༢ ཉིན་ནས་དྲུང་འཕར་དུ་གནས་སྤར་ཐོག་བདེ་སྲུང་ལས་ཁུངས་སུ་གནས་སྤོས། ཕྱི་ལོ་ ༢༠༠༨ ཟླ་བ་ ༠༨ ཚེས་ ༡༤ ཉིན་ནས་བདེ་སྲུང་ལས་ཁུངས་ཀྱི་དྲུང་ཆེ་ལས་ཚབ་དང་། ཕྱི་ལོ་ ༢༠༠༩ ཟླ་བ་ ༠༢ ཚེས་ ༠༩ ཉིན་ནས་སྐུ་ཕྱྭའི་དྲུང་ཆེ་ལས་ཚབ་ཏུ་བསྐོ་གཞག ཕྱི་ལོ་ ༢༠༠༩ ཟླ་བ་ ༠༩ ཚེས་ ༠༣ ཉིན་ནས་དྲུང་ཡིག་ཆེན་མོར་གནས་སྤར་གྱིས་བདེ་སྲུང་ལས་ཁུངས་ཀྱི་སྐུ་ཕྱྭའི་དྲུང་ཆེའི་ལས་ཁུར་ཞུས། ཕྱི་ལོ་ ༢༠༡༠ ཟླ་བ་ ༡༡ ཚེས་ ༠༡ ཉིན་ནས་བགྲེས་ཡོལ་སྔ་བསྣུར་ཞུས་ཡོད་པ་བཅས། །
ཡིད་སྐྱོའི་གནས་ཚུལ།
གསར་གནས།

འབྲེལ་གནས།
