༄༅། །ཕྱི་ལོ་ ༢༠༢༢ ཟླ་བ་ ༡༡ ཚེས་ ༢༩ ཉིན་བོད་མིའི་སྒྲིག་འཛུགས་ཀྱི་འཕྲོད་བསྟེན་དྲུང་ཆེ་ཟླ་བ་ཚུལ་ཁྲིམས་ལགས་ལྡེ་ར་ལྡུན་ཁུལ་དུ་ཡོད་པའི་མངོན་དགའ་སློབ་གྲྭར་གཞུང་འབྲེལ་འཚམས་གཟིགས་སུ་ཕེབས་ཡོད།
དེ་ཡང་ཐོག་མར་སློབ་གྲྭའི་དགེ་ལས་སློབ་ཕྲུག་རྣམས་ནས་ཕེབས་བསུ་ཞུས་གྲུབ་མཚམས་སློབ་གྲྭའི་ཚོགས་ཁང་དུ་དྲུང་ཆེ་ཟླ་བ་ཚུལ་ཁྲིམས་ལགས་ཀྱིས་དགེ་ལས་སློབ་ཕྲུག་རྣམས་ལ་གསུང་བཤད་གནང་ཞིང་། སྐབས་དེར་ཁོང་གིས་སློབ་གྲྭའི་དགེ་ལས་རྣམས་ཀྱིས་དམིགས་བསལ་དགོས་མཁོ་ཅན་གྱི་སློབ་ཕྲུག་རྣམས་ལ་གཟིགས་རྟོག་གང་ལེགས་གནང་དང་གནང་མུས་ལ་བསྔགས་བརྗོད་གནང་བ་མ་ཟད། སློབ་ཕྲུག་རྣམས་དང་ཐུག་འཕྲད་གནང་ཡོད།
དེ་རྗེས་ཁོང་གིས་སློབ་གྲྭའི་འཛིན་ཁང་དང་། ལྟོ་ཚང་། སྨན་ཁང་ཐེ་བའི་སློབ་གྲྭའི་ཁོར་ཡུག་ལ་གཟིགས་སྐོར་གནང་ཡོད་པ་དང་། དེ་བཞིན་གསར་དུ་རྒྱག་འཆར་ཡོད་པའི་རྒས་གསོ་ཁང་གི་ས་ཚིགས་ལ་གཟིགས་ཞིབ་གནང་ཡོད་པ་བཅས།།