༄༅། །འདི་གར་ཚོགས་དྲུང་ལས་ཁུངས་ནས་བཏང་གནས་ནང་འཁོད་དོན། ཕྱི་ལོ་ ༢༠༢༢ ཟླ་ ༡༡ ཚེས་ ༢༧ ཉིན་བོད་མི་མང་སྤྱི་འཐུས་བསྟན་པ་ཡར་འཕེལ་ལགས་ཀྱིས་སྣེ་ཁྲིད་འོག སྤྱི་འཐུས་དབུ་དཀར་ཚང་གཡུ་སྒྲོན་ལགས་དང་། སྤྱི་འཐུས་དབང་འདུས་རྡོ་རྗེ་ལགས་བཅས་ལས་གྲུབ་པའི་བོད་མི་མང་སྤྱི་འཐུས་སྐུ་ཚབ་ཚོགས་ཆུང་ནས་སུད་ཌེན་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་ལྕམ་སྐུ་མར་གྷ་རེ་ཊ་སི་ཌར་ཕིལ་ཊི་ (Ms. Margareta Cederfelt, Chair of the Tibet group in the Swedish Parliament) མཆོག་དང་ལྷན་མཇལ་འཕྲད་ཀྱིས་བོད་ནང་གི་ཛ་དྲག་གནས་སྟངས་སྐོར་སྙན་སེང་ཞུས་ཡོད།དེ་བཞིན་སུད་ཌེན་བོད་རིགས་ཚོགས་པའི་རྒྱུན་ལས་རྣམས་དང་། ས་གནས་སུ་གནས་སྡོད་བོད་རིགས་མི་མང་བཅས་དང་ཐུག་འཕྲད་ཀྱིས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ལས་འགན་དང་། རྒྱལ་སྤྱིའི་ནང་བོད་དོན་ཞུ་གཏུག་གནང་ཕྱོགས། བོད་ནང་གི་ད་ལྟའི་ཛ་དྲག་གནས་སྟངས་བཅས་ཀྱི་སྐོར་ལ་གསུང་བཤད་གནང་སྟེ་ཐེངས་འདིའི་ཡུ་རོབ་སུད་ཌེན་རྒྱལ་ཁབ་ནང་གི་གཞུང་འབྲེལ་ལས་དོན་ཆ་ཚང་ལེགས་གྲུབ་བྱུང་ཡོད་པ་བཅས། །
གསར་གནས།
འབྲེལ་གནས།