༄༅། །འདི་གར་ཚོགས་དྲུང་ལས་ཁུངས་ནས་བཏང་གནས་ནང་འཁོད་དོན། ཕྱི་ལོ་ ༢༠༢༢ ཟླ་ ༡༡ ཚེས་ ༢༢ ཉིན་རྡ་སར་རྟེན་གཞི་བྱས་པའི་ནི་ བྷ་ན་གསོལ་མགྲོན་ཁང་དུ་བོད་མི་ མང་སྤྱི་འཐུས་ལྷན་ཚོགས་ནས་ཉིན་ གྲངས་བཞིའི་རིང་གོ་སྒྲིག་ཞུས་ པའི་བོད་མི་མང་སྤྱི་འཐུས་ལྷན་ཚོ གས་ཀྱི་ཐབས་བྱུས་ཚོགས་འདུ་དབུ་ འཛུགས་གནང་བ་དང་། ཐེངས་འདིའི་ཐབས་བྱུས་ཚོགས་འདུའི ་ཐོག་དཔལ་ལྡན་བོད་མི་མང་སྤྱི་ འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་ བསྟན་འཕེལ་མཆོག་དང་། དཔལ་ལྡན་ཚོགས་གཞོན་སྒྲོལ་མ་ཚེ་ རིང་མཆོག དེ་བཞིན་སྤྱི་འཐུས་རྣམ་པ་བཅས་ མཉམ་ཞུགས་གནང་ཡོད། ད་རེས་ཀྱི་ཐབས་བྱུས་ཚོགས་འདུ་དེ ་བཞིན་ཐེངས་གཉིས་པ་ཆགས་ཀྱི་ཡོད་ པ་དང་། དེ་སྔོན་ཕྱི་ཟླ་ ༩ པའི་ནང་བོད་མི་མང་སྤྱི་འཐུས་ལྷ ན་ཚོགས་ཀྱི་གོ་སྒྲིག་འོག་ལྡི་ལི ་ཉེ་འགྲམ་ཧར་ཡ་ན་མངའ་སྡེའི་ནང་ ཐབས་བྱུས་ཚོགས་འདུ་ཐེངས་དང་པོ་ དེ་ཚོགས་གནང་ཡོད།
དེ་ཡང་གོང་ཚེས་ཉིན་གྱི་སྔ་དྲོ་དཔལ་ལྡན་བོད་མི་ མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་ བསོད་ནམས་བསྟན་འཕེལ་མཆོག་གིས་ཐོ ག་མར་འཚམས་འདྲི་དང་སྦྲགས་ཚོགས་ འདུ་དབུ་འཛུགས་ཀྱི་གསུང་བཤད་ གནང་དོན། དེ་རིང་ང་ཚོའི་ཐབས་བྱུས་ཚོགས་ འདུ་འདིའི་དགོས་དམིགས་དང་། ནང་དོན་བརྗོད་གཞི་དང་འབྲེལ་བའི་ ཐོག་ནས་ང་ཚོའི་རེ་བ་དང་། དམིགས་ཡུལ་གང་འདྲ་ཡིན་མིན་ཐོག་ མདོར་བསྡུས་ཙམ་ཞུས་ན་བསམ་བྱུང་། རྩ་བའི་སྐབས་བཅུ་བདུན་པའི་བོད་ མི་མང་སྤྱི་འཐུས་ལྷན་ཚོགས་འགོ་ བཙུགས་པའི་རྗེས་ལ་ཚོགས་གཙོ་སྦྲེ ལ་པོའི་ངོས་ནས་སྔོན་མའི་ལམ་ལུ གས་གཞིར་བཟུར་ད་ལྟའི་དགོས་ཕན་ལ་ བལྟས་ནས་ཐབས་བྱུས་ཚོགས་འདུ་ཞིག་ འཚོག་རྒྱུའི་ལས་འཆར་བསྒྲིགས་ཡོ ད་ཅིང་། དེ་ཡང་སྤྱི་འཐུས་ཚང་མ་མཉམ་དུ་ འཛོམས་རྒྱུ་ཁག་པོ་ཆགས་དུས་ ཕྱེད་ཀ་ཕྱེད་ཀ་འདྲ་པོ་བྱས་ནས་ ཐབས་བྱུས་ཚོགས་འདུ་ཐེངས་གཉིས་ འཚོགས་རྒྱུ་དང་། གཅིག་དེ་རྒྱལ་ས་ལྡི་ལིར་དང་། གཉིས་པ་དེ་བཞུགས་སྒར་རྡ་སར་འཚོ གས་རྒྱུའི་བང་རིམ་བསྒྲིགས་ཡོད། ཡིན་ནའང་རྗེས་ལ། རོགས་ཚོགས་མཉམ་དུ་སྐད་ཆ་ཤོད་རྒྱུ ་དང་། སྤྱི་འཐུས་རྣམ་པ་བཞུགས་མོལ་ཚོ གས་འདུ་ཚོགས་པའི་སྐབས་སུ་སྤྱི་ འཐུས་ཡོངས་རྫོགས་མཉམ་འཛོམས་ཐོག་ ཐབས་བྱུས་ཚོགས་འདུ་འཚོགས་རྒྱུའི ་ཐག་གཅོད་བྱུང་བ་གཞིར་བཟུང་། རོགས་ཚོགས་ངོས་ནས་རོགས་དངུལ་ ཞལ་བཞེས་དང་། དངུལ་མ་འདང་བ་ཡིན་ནའང་ཁ་གསབ་བྱེ ད་ཀྱི་ཡིན་ཞེས་གསུངས་པ་ལྟར། བོད་མི་མང་སྤྱི་འཐུས་སྐབས་བཅུ་ བདུན་པའི་ཐབས་བྱུས་ཚོགས་འདུ་ཐེ ངས་དང་པོ་དེ་ལྡི་ལི་ཉེ་འགྲམ་ཧར་ ཡ་ནར་ཚོགས་ཤིང་། དེ་དུས་སྤྱི་འཐུས་ཁ་ཤས་མ་གཏོགས་ ཚང་མ་མཉམ་འཛོམས་བྱེད་ཐུབ་ཡོད་རེ ད། དེའི་སྐབས་ནང་དོན་གཙོ་བོ་དེ། རྒྱལ་སྤྱིའི་ཐོག་འབྲེལ་ལམ་གནང་ ཕྱོགས། དེ་བཞིན་རྒྱལ་སྤྱིའི་ནང་བོད་ཀྱི ་གནད་དོན་འགྲེལ་བཤད་རྒྱག་ཕྱོགས་ དང་། དོ་སྣང་བྱེད་ཕྱོགས། གནས་ཡུལ་རྒྱ་གར་གྱིས་གཙོས་ཨེ་ཤ་ཡའི་ ནང་བོད་དོན་དང་འབྲེལ་བའི་ཐོག་ ནས་འབྲེལ་ལམ་བྱེད་ཕྱོགས་སོགས་ཀྱི ་ནང་དོན་གཙོ་བོར་བྱས་ནས་ཚོགས་ འདུ་ཚོགས་པ་རེད།
ད་རེས་ཀྱི་ཐབས་བྱུས་ཚོགས་འདུ་ འདིའི་ནང་དོན་སྔོན་མ་དང་ཏོག་ཙམ་ མི་འདྲ་བ་ཆགས་ཀྱི་ཡོད་ཅིང་། འདིའི་ནང་མང་བ་དེ་བོད་ནང་གི་ གནས་སྟངས་གཙོ་བོར་བྱས་ཡོད། དཔེར་ན། རྒྱ་ནག་གཞུང་གིས་ཆབ་སྲིད་ཀྱི་སྲི ད་བྱུས་འཛིན་སྟངས་དང་སྒྲོམ་གཞི། ཉེ་ཆར་ཞི་ཅིན་ཕིན་གྱི་སྲིད་འཛི ན་ལས་ཡུན་གསུམ་པ་གཏན་ཁེལ་བ་དང་། དེ་བཞིན་ཕྱག་རོགས་བློན་ཆེན་རྣ མས་ཀྱང་གཏན་ཁེལ་ཟིན་ཡོད་སྟབས། ཁོང་རྣམ་པའི་བསམ་བློ་འཁྱེར་སོ་ གང་འདྲ་ཡོད་མེད་དང་། མ་འོངས་པའི་ཁ་ཕྱོགས་ག་བར་འགྲོ་ ས་རེད་བསམ་ནས། དེ་ཚོའི་ཐོག་ལ་བོད་མིའི་སྒྲིག་ འཛུགས་ནང་ཉམས་ཞིབ་གནང་མཁན་ རྣམ་པས་འགྲེལ་བརྗོད་གནང་རྒྱུ་ དང་། དེ་བཞིན་རྒྱ་ནག་གིས་སྲིད་བྱུས་ འཛིན་སྟངས་ལ་བརྟེན་ནས་བོད་ནང་གི ་ཆོས་དད་རང་དབང་དང་། ཁོར་ཡུག་གི་གནས་སྟངས། དཔལ་འབྱོར་སྲིད་བྱུས་ཀྱི་ཐོག་ལ་ ཡིན་ནའང་འདྲ། དེ་འདྲའི་ཐོག་ནས་ད་ལྟའི་གནས་བབ་ འགྲོ་བཞིན་པའི་ཐོག་ནས་ང་ཚོས་ ལངས་ཕྱོགས་ལྟ་བུ་གང་བྱེད་དགོས་ པ། དེ་བཞིན་གལ་ཆེ་བ་གཅིག་དེ། བོད་དེ་ལོ་རྒྱུས་གནས་བབ་ཐོག་ནས་ གང་འདྲ་ཆགས་ཀྱི་འདུག་གམ། ད་ལྟ་ང་ཚོས་དབུ་མའི་ལམ་གྱི་སྲི ད་བྱུས་ཐོག་ནས་རྒྱ་བོད་དབར་འབྲེ ལ་ལམ་ཡོང་རྒྱུའི་ཐོག་འབད་བརྩོན་ གནང་གི་ཡོད་རེད་དེ། དེའི་རྒྱབ་ལྗོངས་དེ་བོད་ཀྱི་ལོ་ རྒྱུས་གནས་བབ་ཤེས་དགོས་པ་གལ་ཆེ ན་པོ་ཆགས་དུས། དེ་རིང་གི་བརྗོད་གཞི་གལ་ཆེ་བ་ གཅིག་ལ་བོད་ཀྱི་ལོ་རྒྱུས་ཀྱི་ གནས་བབ་ཡིན་པ་དང་། དེའི་ཐོག་མཁས་དབང་བྱམས་པ་བསམ་ གཏན་ལགས་ཆེད་མངགས་གདན་འདྲེན་ཞུ ས་ནས་དེ་རིང་གི་ཚོགས་ཐེངས་དང་པོ ར་བོད་ཀྱི་ལོ་རྒྱུས་གནས་བབ་ཐོག་ ནས་ང་ཚོས་རྒྱུས་ལོན་བྱེད་རྒྱུ། རྩ་བའི་སྤྱི་འཐུས་རྣམ་པ་མཁྱེན་ རྒྱ་ཡངས་པོ་ཡོད་རེད་དེ། གསུང་བཤད་གནང་མཁན་རྣམ་པ་སོ་སོས་ གཏམ་བཤད་གནང་རྒྱུའི་བརྗོད་གཞི་ དེ་རང་གི་ཐོག་ལ་ཞིབ་འཇུག་གནང་ མཁན་ཡིན་པ་རེད། ཏན་ཏན་བློ་སྐྱེད་མ་འདྲ་བ་ཡོང་གི ་རེད་བསམ་གྱི་འདུག
ལོ་རྒྱུས་ཀྱི་གནས་བབ་ལ་བལྟས་པ་ ཡིན་ན། བོད་རང་དབང་ལྡན་པའི་ལོ་རྒྱུས་ གནས་བབ་གཅིག་དང་། རྒྱལ་སྤྱིའི་ཐོག་བོད་ཀྱི་ལོ་རྒྱུ ས་གནས་བབ་ཐོག་འགྲེལ་བཤད་སྣ་ཚོ གས་ཤིག་རྒྱག་གི་ཡོད་པ་རེད། བོད་ནང་གི་བོད་མི་ཡིན་ནའང་། རྒྱ་ནག་གི་སྲིད་བྱུས་དང་འབྲེལ་ བའི་ཐོག་ནས་དེང་སང་ལོ་རྒྱུས་ཀྱི ་ཁ་ཕྱོགས་གསར་པ་ཆགས་རྒྱུའི་ཉེན་ ཁ་ཆགས་ཀྱི་འདུག བོད་ཟེར་བ་དེ། རེ་བ་བཟང་ཕྱོགས་ནས་བརྒྱབ་ཆོག་གི ་ཡོད་པ་རེད། མི་གཅིག་གི་མི་ཚེའི་ནང་བོད་གཞི ས་བྱེས་མཉམ་འཛོམས་ཡོང་རྒྱུའི་རེ ་བ་བརྒྱབ་ཆོག་གི་ཡོད། ལྡོག་ཕྱོགས་ནས་བསམ་བློ་བཏང་བ་ཡི ན་ན། ལོ་བརྒྱ་ཉིས་བརྒྱ་དེ་ལས་མང་བ་བོ ད་ཀྱི་འཐབ་རྩོད་གནས་སྟངས་ཐོག་མུ ་མཐུད་གདོང་ལེན་བྱེད་དགོས་པ་ཡོ ང་སྲིད་པ་རེད། དེ་ཡིན་དུས། ང་ཚོའི་ངོས་ནས་ད་ལྟའི་མི་རབས་ དང་། མི་རབས་གསར་པ། དེའི་རྗེས་ཀྱི་མི་རབས་བཅས་ལ་རྩི ས་སྤྲོད་ཆ་ཚང་བ་ཞིག་གནང་ཐུབ་དགོ ས་པ་དེ་ང་ཚོ་མི་རབས་འདིའི་ལས་ འགན་ཆགས་སྟབས། དེ་ཚོའི་ཐོག་ལ་བོད་མིའི་སྒྲིག་ འཛུགས་ལྟ་བུ་ཡིན་ན། སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེ ན་པོ་མཆོག་གིས་ཐུགས་རེ་ཆེན་པོ་ བཅོལ་ནས་མི་མང་ལ་མང་གཙོ་གསོལ་སྩ ལ་གནང་བ་དང་། མང་གཙོ་གསོལ་སྩལ་གནང་བ་གཞིར་བཟུ ང་མི་མང་ནས་དེར་རྒྱབ་སྐྱོར་ཆ་ ཚང་གནང་སྟེ། མི་མང་གིས་འོས་བླུགས་ནས་འགོ་ཁྲི ད་འོས་འདེམས་གནང་གི་ཡོད་རེད།
བདམས་ཚར་བའི་རྗེས་ལ་ང་ཚོ་སྐབས་ འདིའི་འགན་ཁུར་མཁན་ཆགས་ཡོང་དུས། ང་ཚོ་གྲོས་ཚོགས་ལྟ་བུ་ཡིན་ནའང་། དེའི་ནང་སྤྱི་འཐུས་རྣམ་པས་གསུང་ བཤད་གནང་ཡོང་དུས། རྒྱུ་མཚན་དང་ལྡན་པ། དེའི་རྒྱབ་ལྗོངས་དང་བཅས་པ་གསུང་ ཐུབ་པ་ཡིན་ན། ང་རང་ཚོའི་གྲོས་ཚོགས་ཙམ་མ་ཡིན་ པར། དེར་གསན་གཟིགས་གནང་མཁན་དོ་ སྣང་ཅན་རྣམས་ལའང་གོ་བརྡ་རང་བཞི ན་འཕྲོད་འགྲོ་དུས། དེ་གལ་ཆེན་པོ་ཞེ་དྲག་ཆགས་ ཀྱི་ཡོད་རེད། དེ་ཡིན་དུས་རྣམ་པ་ཚོས་ཉིན་གྲངས་ བཞིའི་རིང་དེ་ཚོའི་ཐོག་ལ་ཐུགས་ སྣང་གནང་ཐུབ་དགོས་པ་གལ་ཆེན་པོ་ རེད་ཅེས་ཞུ་རྒྱུ་ཡིན།
ངས་མང་པོ་ཞུ་མ་དགོས་པའི་ཐོག་ནས་ དེ་ཙམ་ཡིན། དེ་རིང་བོད་ཀྱི་ལོ་རྒྱུས་སློབ་ དཔོན་མཁས་དབང་བྱམས་པ་བསམ་གཏན་ ལགས་དང་པོ་འབྲེལ་བ་བྱེད་དུས། ཞལ་བཞེས་གནང་ནས་ཝ་ར་ན་སི་ནས་ཆེ ད་མངགས་འདིར་གསུང་བཤད་གནང་རྒྱུ ར་ཕེབས་པར་ཐུགས་རྗེ་ཆེ་ཞུ་རྒྱུ་ ཡིན། ཞེས་གསུངས་གནང་བ་དང་། དེ་རྗེས། དཔལ་ལྡན་ཚོགས་གཞོན་སྒྲོལ་མ་ཚེ་ རིང་མཆོག་གིས་ལོ་རྒྱུས་སློབ་དཔོ ན་བྱམས་པ་བསམ་གཏན་ལགས་ཀྱི་ལོ་རྒྱུ ས་སྐོར་ངོ་སྤྲོད་སྙིང་བསྡུས་ གནང་རྗེས། ལོ་རྒྱུས་སློབ་དཔོན་བྱམས་པ་བསམ་ གཏན་ལགས་ཀྱིས་ “བོད་ཀྱི་ལོ་རྒྱུས་ཀྱི་གནས་བབ།” ཅེས་པའི་བརྗོད་གཞིའི་ཐོག་གསུང་ བཤད་གནང་བ་དང་། དྲི་བ་དྲིས་ལན་གྱི་ལས་རིམ་བསྐྱ ངས་གནང་ཡོད།
ཉིན་རྒྱབ་བོད་ཀྱི་སྲིད་བྱུས་ ཉམས་ཞིབ་ཁང་གི་ཉམས་ཞིབ་པ་བདེ་ཆེ ན་དཔལ་མོ་ལགས་ཀྱིས་ “བོད་མཐོ་སྒང་གི་ཁོར་ཡུག་གནས་ བབ།” ཅེས་པའི་བརྗོད་གཞིའི་ཐོག་གསུང་ བཤད་དང་། བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་ གི་ཉམས་ཞིབ་པ་བསྟན་འཛིན་ཚུལ་ཁྲི མས་ལགས་ཀྱིས་ “བོད་ནང་འགྲོ་བ་མིའི་ཐོབ་ཐང་གི་ གནས་སྟངས།” ཞེས་པའི་བརྗོད་གཞིའི་ཐོག་གསུང་ བཤད། བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་ གི་ཉམས་ཞིབ་པ་ཚེ་རིང་བསམ་གྲུབ་ ལགས་ཀྱིས་ “རྒྱ་གཞུང་གིས་བོད་ནང་དཔལ་འབྱོ ར་སྲིད་བྱུས་ཀྱི་གནས་བབ།” ཅེས་པའི་བརྗོད་གཞིའི་ཐོག་གསུང་ བཤད་བཅས་གནང་ཡོད་པ་དང་། དེ་བཞིན་དྲི་བ་དྲིས་ལན་གྱི་ལས་ རིམ་བསྐྱངས་གནང་ཡོད་པ་བཅས། །