༄༅།།འདི་གར་ཐའེ་ཝན་བོད་ཀྱི་སྐུ་ཚབ་དོན་གཅོད་ལས་ཁུངས་ནས་བཏང་གནས་ནང་འཁོད་དོན། ཕྱི་ལོ་ ༢༠༢༢ ཟླ་ ༡༠ ཚེས་ ༢༣ ཉིན་ཡུ་གུར་འགྲོ་བ་མིའི་ལས་འགུལ་ཚོགས་པའི་གོ་སྒྲིག་འོག་ཡུ་གུར་བཙོན་པ་གསོག་སྒར་དང་རྒྱ་ནག་ནས་འཛམ་གླིང་ལ་ཉེན་ཁ་ཞེས་པའི་གྲོས་སྡུར་ཚོགས་འདུ་ཞིག་གོ་སྒྲིག་ཞུས་པའི་ཐོག་ཐའེ་ཝན་བོད་ཀྱི་སྐུ་ཚབ་དོན་གཅོད་འབའ་བ་སྐལ་བཟང་རྒྱལ་མཚན་ལགས་དང་བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་འགན་འཛིན་ཟླ་བ་ཚེ་རིང་ལགས་གསུང་བཤད་གནང་མཁན་དུ་གདན་ཞུ་གནང་བ་བཞིན། ཐའེ་ཝན་བོད་ཀྱི་སྐུ་ཚབ་དོན་གཅོད་འབའ་བ་སྐལ་བཟང་རྒྱལ་མཚན་ལགས་ཀྱིས་བོད་དང་ཡུ་གུར་གྱི་གནས་སྟངས་ཐད་གསུང་བཤད་དང་། བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་འགན་འཛིན་ཟླ་བ་ཚེ་རིང་ལགས་ཀྱིས་རྒྱ་གཞུང་ནས་བོད་བརྒྱུད་ནང་བསྟན་འདི་བཞིན་རྩ་མེད་ཇི་ལྟར་བཟོ་བཞིན་པའི་སྐོར་གསུང་བཤད་གནང་ཡོད།
གྲོས་སྡུར་ཚོགས་འདུ་ཐོག་རྒྱ་གར་གྱི་གསར་འགོད་པ་ཝི་ཇེ་ཀརནྟི་ (Vijay Kranti) ལགས་དང་ཡུ་གུར་དང་ཐའེ་ཝན་མང་གཙོ་དོན་གཉེར་བ་བཅས་ཕེབས་ཏེ་གསུང་བཤད་གནང་ཡོད་པ་བཅས། །