༄༅། །ཕྱི་ལོ་ ༢༠༢༢ ཟླ་བ་ ༡༠ ཚེས་ ༡༠ ཉིན་བསུ་ན་མདའ་བཀྲ་ཤིས་གླིང་ས་གནས་འགོ་འཛིན་ལས་ཚབ་བསྟན་འཛིན་འབྱོར་ལྡན་ལགས་དང་གསར་བསྐོས་ས་གནས་འགོ་འཛིན་བསྟན་འཛིན་འོད་གསལ་ལགས་བར་རྩིས་སྤྲོད་རྩིས་ལེན་གནང་ཡོད། རྩིས་སྤྲོད་རྩིས་ལེན་གྱི་སྤྲོད་དཔང་དུ་བསུ་ན་མདའ་མཉམ་ལས་ཀྱི་དྲུང་ཆེ་བཀྲ་ཤིས་དབང་འདུས་ལགས་ཕེབས་ཡོད་པ་རེད།
རྩིས་སྤྲོད་རྩིས་ལེན་ལེགས་པར་གྲུབ་རྗེས་ས་གནས་འགོ་འཛིན་བསྟན་འཛིན་འོད་གསལ་ལགས་ཀྱིས་ས་གནས་ཀྱི་བོད་མི་རྣམས་ལ་ཐུག་འཕྲད་དང་། བསམ་གྲུབ་དར་རྒྱས་གླིང་དགོན་པར་མཆོད་མཇལ། དེ་བཞིན་བསུ་ན་མདའ་སམ་བྷོ་ཊ་སློབ་གྲྭར་འཚམས་གཟིགས་གནང་ཡོད་པ་བཅས།།