༄༅། །འདི་གར་བལ་ཡུལ་སྤོག་ར་བཀྲ་ཤིས་གླིང་ས་གནས་འགོ་འཛིན་ལས་ཁུངས་ནས་བཏང་གནས་ནང་འཁོད་དོན། བལ་ཡུལ་སྤོག་ར་བཀྲ་ཤིས་དཔལ་འཁྱིལ་ས་གནས་འགོ་འཛིན་དྲུང་གཞོན་ཀརྨ་བཟོད་པ་འཕྲིན་ལས་ལགས་བལ་ཡུལ་འཇོ་ལ་ཁེལ་བསམ་གྲུབ་གླིང་ས་གནས་འགོ་འཛིན་ལས་ཁུངས་སུ་གནས་སྤོ་བསྐོ་གཞག་གནང་བའི་ཚབ་ཏུ་འཇོ་ལ་ཁེལ་བསམ་གྲུབ་གླིང་ས་གནས་འགོ་འཛིན་ལས་ཁུངས་ཀྱི་དྲུང་ལས་བཀྲ་ཤིས་ཚེ་བརྟེན་ལགས་བཀྲ་ཤིས་དཔལ་འཁྱིལ་ས་གནས་འགོ་འཛིན་ལས་ཁུངས་སུ་གནས་སྤོ་བསྐོ་གཞག་གནང་ནས་བལ་ཡུལ་སྤོག་ར་བཀྲ་ཤིས་གླི
དེ་ཡང་གོང་ཚེས་ཉིན་གྱི་སྔ་དྲོ་ཆུ་ཚོད་ ༩ པའི་ཐོག་རྩིས་སྤྲོད་ལེན་གྱི་ལས་རིམ་འགོ་འཛུགས་ཀྱིས་ས་འགོ་གསར་རྙིང་དབར་ས་གནས་འགོ་འཛིན་གྱི་བདག་ཉར་འོག་ཡོད་པའི་གལ་ཆེའི་ཡིག་སྣོད་ཁག་རེ་རེ་བཞིན་རྩིས་སྤྲོད་གནང་ཡོད། ཉིན་རྒྱབ་ཚན་པ་སོ་སོའི་ཁྱབ་ཁོངས་ལས་བྱེད་རྣམ་པའི་བདག་ཉར་འོག་ཡོད་པའི་ཡིག་སྣོད་དང་འཛིན་ཆས་རྣམས་རྩིས་སྤྲོད་ལེན་གནང་མཚམས་གཞིས་ཆགས་ཀྱི་ཚོགས་ཁང་དང་། སློབ་གྲྭ། བུ་གསོ་ཁང་། བཟོ་གྲྭ་སོགས་ངོ་སྤྲོད་གནང་ཡོད། ཕྱི་ཟླ་ ༡༡ ཚེས་ ༢ ཉིན་སྔ་དྲོ་ཆུ་ཚོད་ ༩ པའི་ཐོག་གཞིས་ལས་ཁང་དུ་བཀྲ་ཤིས་དཔལ་འཁྱིལ་གྱི་ས་འཐུས་ཚོགས་གཙོ་དང་། ས་གནས་རང་བདེན་ཚོགས་གཙོ། དགོན་པའི་སྐུ་ཚབ། མཉམ་འབྲེལ་འགན་འཛིན། གཞུང་དང་གཞུང་ཁོངས་མ་ཡིན་པའི་ཚོགས་པ་ཁག་གི་ཚོགས་གཙོ་། སྤྱི་མི་རྣམ་པ། གཞན་ཡང་ལས་བྱེད་འདུ་འཛོམས་ཐོག་ས་འགོ་གསར་རྙིང་དབར་ཞབས་སྟེགས་བརྗེ་ལེན་གནང་ཡོད། དེ་རྗེས་ཆུ་ཚོད་ ༩།༣༠ ཐོག་ས་གནས་ཚོགས་ཁང་དུ་མང་ཚོགས་ལ་ནང་སྲིད་སྐུ་ཚབ་སྤྲོད་དཔང་དང་། ས་འགོ་གསར་རྙིང་གཉིས་ནས་རྩིས་ལེན་རྩིས་སྤྲོད་ཀྱི་གནས་སྟངས་གསལ་བཤད་དང་ངོ་སྤྲོད་གནང་ཡོད་པ་བཅས། །
བཀྲ་ཤིས་ཚེ་བརྟེན་ལགས་བཀྲ་ཤིས་དཔལ་འཁྱིལ་ས་གནས་འགོ་འཛིན་གྱི་ལས་ཁུར་འགོ་འཛུགས་གནང་བ།
གསར་གནས།

འབྲེལ་གནས།
