༄༅། །འདི་གར་པེ་རི་སི་འབྲེལ་མཐུད་ལས་ཁུངས་ནས་བཏང་གནས་ནང་འཁོད་དོན། ཕ་རན་སི་ས་སྐྱ་བརྩེ་ཆེན་ཚོགས་པས་ཇི་ལྟར་གསོལ་འདེབས་ཞུས་པ་ལྟར་དཔལ་ས་སྐྱ་ཁྲི་འཛིན་ཞེ་གསུམ་པ་ཛྙ་ན་བཛྲ་རིན་པོ་ཆེ་མཆོག་དབུས་བཞུགས་ཐོག་ཕ་རན་སི་རིགས་པ་ཆོས་ཚོགས་སུ་ཕྱི་ལོ་ ༢༠༢༢ ལོའི་ཕུར་སྒྲུབ་ཆེན་མོ་ཕྱི་ལོ་ ༢༠༢༢ ཟླ་ ༡༡ ཚེས་ ༡༡ ནས་ ༡༣ བར་ཉིན་གྲངས་གསུམ་རིང་ཚོགས་གནང་ཡོད་པ་དང་། ཉིན་མཐའ་མ་རེས་གཟའ་ཉི་མ་ཉིན་དབང་ཞུ་མཁན་དད་ལྡན་ཆོས་ཞུ་བ་བོད་རིགས་དང་ཕྱི་རྒྱལ་མི་རིགས་བཅས་ཁྱོན་བསྡོམས་མི་གྲངས་ ༥༥༠ ལྷག་ལྷན་འཛོམས་གནང་འདུག དེའི་སྐབས་དོན་གཅོད་ལས་ཁུངས་ནས་རིན་པོ་ཆེ་མཆོག་གནམ་ཐང་ནས་ཕེབས་བསུ་དང་རིགས་པ་ཆོས་ཚོགས་ནས་ཕེབས་སྐྱེལ་ཞུ་རྒྱུའི་སྐལ་བཟང་གི་གོ་སྐབས་བྱུང་སོང་བ་བཅས།།
གསར་གནས།
འབྲེལ་གནས།